རང་རེའི་ཞིང་ཆེན་གྱིས་ཐེངས་དང་པོརPPPདཔེ་སྟོན་རྣམ་གྲངས་20བཏོན་ཏེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་176.95་གཏོང་འཇོག་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-07


      ཉིན་འགའི་སྔོན་ལ། ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོརPPPདཔེ་སྟོན་རྣམ་གྲངས་20ཁྱབ་བསྒྲགས་བྱས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་176.95གཏོང་འཇོག་བྱས། 
      ཐེངས་འདིར་འདེམས་པའི་དཔེ་སྟོན་རྣམ་གྲངས་ཁག་སྟེ་གྲོང་ཁྱེར་དང་ཁུལ་11གི་རྫོང་དང་གྲོང་ཁྱེར་ཁུལ་16རུ་ཁྱབ་བསྒྲགས་བྱས་པ་དང་།  དེའི་ཁྲོད་དུ་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ལས་དོན། ཞིང་ནགས་དང་སྤྱི་ཚོགས་ལས་དོན་བཅས་ཁྱབ་ཁོངས་ཆེན་པོ་གསུམ་འདུས་ཤིང་། ས་ཁུལ་གསར་སྤེལ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད། སྤྱི་བའི་འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོང་། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གཞི། སློབ་གསོ་སོགས་ལས་རིགས་གཙོ་བོ་ཁག་ལ་ཡོངས་སུ་ཁེབས་པར་བྱས་ཡོད། ཞིང་ཆེན་ནོར་སྲིད་ཐིང་གིས་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་ཡིས་མིག་སྔར་རང་རེའི་ཞིང་ཆེན་ལPPPརྣམ་གྲངས་700ལས་བརྒལ་བ་དེ་ནོར་སྲིད་པུའུ་ཡིPPPཕྱོགས་བསྡུས་ཆ་འཕྲིན་སྟེགས་བུའི་ཁྲོད་དུ་བཞག་པ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་རྣམ་གྲངས་20དེ་ལས་རིགས་ཁྱབ་ཁོངས་དང་ལག་བསྟར་ཉམས་མྱོང་སོགས་ཀྱི་ཕྱོགས་ནས་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱ་རྒྱུ་ཡིན་ཅེས་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1