རང་རེའི་ཞིང་ཆེན་གྱིས་ཆུ་ལོག་སྔོན་འགོག་གི་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྱི་གྲོས་ཚོགས་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-07


      ཉེ་ཆར། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་གི་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་དེ་ཁྲེན་ཏུའུ་རུ་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུ་ལོག་སྔོན་འགོག་གི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡོང་བ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐོག་གནང་བའི་གསུངས་བཤད་དེ། ཇི་ལྟར་བྱས་ནས་ཆུ་ལོག་སྔོན་འགོག་གི་ལས་ཀ་བསྒྲུབ་དགོས་པ་དེ་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མིག་སྔར་ཆུ་ལོག་སྔོན་འགོག་གནོད་སེལ་གྱི་གཙོ་གནད་ལས་ཀ་ཁག་ལ་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་དོན་འཁྱོལ་ཡོང་བ་བཅས་བྱེད་དགོས་པ་བཏོན་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི་གྲོས་ཚོགས་ཐོག་བཞུགས་པར་མ་ཟད་གསུང་བཤད་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1