སེམས་ཀྱི་ཉི་ཟླ་ནས་སླེབས་པའི་དྲི་ཟའི་གདངས་དབྱངས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ། སྤེལ་དུས། 07-07


        སེམས་ཀྱི་ཉི་ཟླའི་བོད་གདངས་བྱིས་པའི་མཉམ་ལེན་རོལ་ཚོགས་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་བྱིས་པའི་མཉམ་ལེན་རོལ་ཚོགས་ཐོག་མ་དེ་ཡིན་ཞིང་། སྤྱི་ཟླ་7པའི་ཟླ་མཇུག་ཏུ་པེ་ཅིན་གྱི་སྐབས་བཅུ་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་མཉམ་ལེན་རོལ་ཚོགས་དུས་ཆེན་དུ་ཞུགས་དགོས། ཁོ་ཚོ་ཚང་མ་བདེ་ཆེན་ཁུལ་གྱི་ཞིང་འབྲོག་དུད་ཁྱིམ་དུ་སྐྱེས་ཤིང་ལོ་6ནས་ལོ་14བར་གྱི་མང་ཤོས་བོད་རིགས་དང་། དེ་མིན་འཇང་རིགས། པའེ་རིགས། ལི་སུའུ་རིགས། ཕུའུ་སྨི་རིགས། དབྱིས་རིགས། ཧུའེ་རིགས། རྒྱ་རིགས། མིའོ་རིགས་སོགས་ཀྱི་བྱིས་པ་ཡིན།
        བོད་གདངས་བྱིས་པའི་མཉམ་ལེན་རོལ་ཚོགས་འཛུགས་པ་དེ་ནི་བོད་རིགས་རོལ་མོ་བ་ཏུང་ཙིའི་སེམས་འདུན་ཡིན། ཁོའི་བརྩམས་ཆོས་ཕལ་ཆེར་བྱིས་དུས་ཀྱི་ཕྱིར་དྲན་ཡིན་ལ། ཁོས་བཤད་རྒྱུར། མིག་སྔར་གྱི་བོད་རིགས་རོལ་དབྱངས་ལ་རྣམ་པ་འདྲ་མིན་ཡོད་མོད། འོན་ཀྱང་ཁ་ཤས་ཤིག་ཉམས་བཞིན་ཡོད་པ་རེད། བྱིས་པ་ཚོས་མཉམ་ལེན་གྱི་རྣམ་པ་བརྒྱུད་དེ། ཁོ་ཚོའི་ཆེས་དག་གཙང་གི་སྐད་ངག་གིས་བོད་ཀྱི་བྱིས་གླུ་དང་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་ཆེས་འོས་འཚམ་གྱི་ཐབས་ལམ་ཞིག་ཡིན་ཞེས་བཤད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1