ལི་ཁེ་ཆང་གིས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་སོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-07


        སྤྱི་ཟླ་7པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་སོ་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ང་ཚོས་ཁོང་གོ་ཕྱོགས་དང་རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་དཔལ་འབྱོར་གསབ་སྐོང་གི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཁྱོན་ཡོངས་ནས་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད། ཀྲུང་གོ་དང་ཁོང་གོ་བར་གྱི་མཉམ་ལས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པར་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།
        ས་སོ་ཡིས་ཁོང་གོ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མཛའ་མཐུན་འབྲེལ་བར་འཕར་བའི་གོ་སྐབས་དང་བསྟུན་ནས་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁེ་ལས་མང་པོས་ཁོང་གོ་ལ་མ་དངུལ་གཏོང་བར་དགའ་བསུ་བྱེད་ངེས། དེ་མིན་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ནུས་ཁུངས། ཞིང་ལས། མཁའ་སྤྱོད། དངུལ་རྩ། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ལེགས་པར་འཕེལ་རྒྱུས་སུ་ཕྱིན་པར་རྒྱབ་སྐྱོར་བྱ་འདོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1