ལི་ཁེ་ཆང་གིས་ཕ་ཕུ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨོ་ཉིར་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-07



        སྤྱི་ཟླ་7པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཕུ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨོ་ཉིར་དང་གྲོས་མོལ་མཛད།
        ལི་ཁེ་ཆང་གིས་ཀྲུང་གོ་དང་ཕ་ཕུ་ཀུའི་ནེ་ཡ་གསར་པ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་40འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་བོར་འཕེལ་རྒྱས་སུ་ཕྱིན་ཞིང་། ཕན་ཚུན་ལ་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པའི་འཐབ་ཇུས་མཛའ་མཐུན་འབྲེལ་བ་བཙུགས་པ་རེད། ཀྲུང་གོའི་ཕྱོགས་ནས་ཕ་ཕུ་ཀུའི་ནེ་ཡ་གསར་པས་རང་བདག་གིས་རྒྱལ་ཁབ་རང་ཉིད་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་བདམས་པར་རྒྱབ་སྐྱོར་དང་བརྩི་བཀུར་བྱ་ངེས། དེ་མིན་མུ་མཐུད་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན། རིམ་པ་སོ་སོའི་འགྲོ་འོང་དང་ཁྱང་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་སྣོན། ཤུགས་ཆེན་པོས་དངོས་དོན་མཉམ་ལས་རྒྱ་སྐྱེད་བྱས་ཏེ་རྒྱུན་ཆད་མེད་པར་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་འདོད་ཅེས་བསྟན། 
        ཨོ་ཉིར་ཡིས་ཕ་ཕུ་ཀུའི་ནེ་ཡ་གསར་པ་དང་ཀྲུང་གོའི་འབྲེལ་བ་བཙུགས་བའི་ཚུན་ལ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། ཕ་ཕུ་ཀུའི་ནེ་ཡ་གསར་པ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ནུས་ཁུངས་དང་ཡུལ་སྐོར། མཁའ་སྐྱོད། དངུལ་རྩ། སློབ་གསོ་སོགས་ཁྱབ་ཁོངས་དང་དེ་མིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་སྣ་མང་སྒྲིག་གཞི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་སྒོ་མོར་འགྱུར་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1