ཞི་ཅིན་ཕིང་གིས་ཕ་ཕུ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨོ་ཉིར་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-08


        སྤྱི་ཟླ་7པའི་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨོ་ཉིར་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཙུང་ལི་ཨོ་ཉིར་ཀྲུང་གོ་དང་ཕ་ཕུ་ཀུའི་ནེ་ཡ་གསར་པས་འབྲེལ་བ་བཙུགས་ནས་ལོ་འཁོར་40ལོན་པའི་སྐབས་འདིར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། འཚམས་འདྲིའི་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས། ཁོང་གིས་ལོ་ངོ་40ཡི་རིང་ལ། ཀྲུང་གོ་དང་ཕ་ཕུ་ཀུའི་ནེ་ཡ་གསར་པའི་འབྲེལ་བ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན། ཀྲུང་གོ་ཕྱོགས་ནས་ཕ་ཕུ་ཀུའི་ནེ་ཡ་གསར་པ་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བ་སྔར་ལས་ལེགས་པར་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        ཨོ་ཉིར་གྱིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་85ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོའི་ཕྱོགས་ནས་དུས་ཡུན་རིང་བོར་ཕ་ཕུ་ཀུའི་ནེ་ཡ་གསར་པར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས། ཕ་ཕུ་ཀུའི་ནེ་ཡ་གསར་པའི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་མཛའ་མཐུན་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་བཟོ་ཚོང་དང་ནུས་ཁུངས། དངུལ་རྩ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་ཆོས་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་བྱ་འདོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1