ཝན་ཐེ་ཐོན་ལས་གསར་སྐྲུན་འཕེལ་རྒྱས་དང་ཐོན་ཁོངས་ཅན་གྱི་གྲོང་ཁྱེར་བསྒྱུར་བཀོད་ཞིབ་བསྡུར་ཚོགས་འདུ་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-14


     ཉེ་ལམ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་གཉིས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་གནང་བའི་ཝན་ཐེ་ཐོན་ལས་གསར་སྐྲུན་འཕེལ་རྒྱས་དང་ཐོན་ཁུངས་ཅན་གྱི་གྲོང་བསྒྱུར་བཀོད་བྱེད་་པའི་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་དེ་ཕན་ཀྲི་ཧྭ་རུ་བསྡུ་འཚོགས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི་གྲོས་ཚོགས་ཐོག་བཞུགས་པར་མ་ཟད་གསུངས་བཤད་གནང་བ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་བ་གཞོན་པ། དགུ་གསུམ་སློབ་ཚོགས་ཀྱི་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གྲོས་ཚོགས་སུ་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིན་ཕིང་མཇུག་བསྡུའི་མཛད་སྒོའི་སྟེང་ཞུགས། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1