ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-18


     ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ནན་ཏན་གྱིས་འགན་འཁྲི་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
     བརྡ་ཐོ་ལས་ཏང་གི་སྐབས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་ལ་དོ་དམ་ནན་མོ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱུངས་བྱས་ནས། ནན་ཏན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་བཏང་ཐོག ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་ཁྲོད་བཞག་ནས། ཏང་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཞིག་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་ཆ་ཡོད་ན་འགན་འཁྲི་ཁུར་དགོས་པ་དང་། འགན་འཁྲི་ཡོད་ན་སྒྲུབ་འགན་ཁུར་ཕོད་པ། འགན་འཁྲི་འཐུས་ཤོར་བྱུང་བར་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་ནན་གྱིས་བསྟན། ཏང་ཀྲུང་དབྱང་གིས་འགན་འཁྲི་གཙོ་བོ་ཁག་དོན་འཁྱོལ་ཡོང་བ་དམ་འཛིན་བྱས་ཏེ། འགན་འཁྲི་བདའ་འདེད་གཏོང་བ་དེ་ཏང་ནན་གྱིས་སྐྱོང་བའི་ལག་ཆ་ལྟ་བུར་ངོས་འཛིན་བྱས་ནས། སྔ་རྗེས་སུ་ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་ཁྲོད་དུ་ལས་གནས་ཤོར་བ་དང་འགན་འཁྲི་ཤོར་བའི་འབུར་ཐོན་གྱི་གནད་དོན་ཁག་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་། འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་བྱེད་པ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཏུ་གྱུར་བར་བྱེད་པ། དེ་མིན་ཏང་གི་འགན་འཁྲི་རྩད་གཅོད་ཀྱི་བྱ་བ་ཚད་ལྡན་ཅན་དུ་འགྱུར་བར་ཤུགས་སྣོན་བྱ་ཆེད། ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་ཀྱི་སྲོལ་ཡིག》ཅེས་པ་གཏན་འབེབ་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1