སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་ལས་ཀར་ཞིབ་འཇུག་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-19


        སྤྱི་ཟླ་7པའི་ཚེས་18ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་ལས་ཀར་ཞིབ་འཇུག་བྱས་པར་མ་ཟད། ཞིང་ཆེན་གྱི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག་གི་སྐོར་ཐེངས་གཉིས་པའི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་གནས་ཚུལ་དང་བཅོས་སྒྱུར་དོན་འཁྱོལ་ལས་ཀའི་ཕྱིར་རྟོག་གནས་ཚུལ། ཞིང་ཆེན་ཏང་ཨུའི་སྐོར་ཐེབས་བདུན་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུ་སོགས་ལ་གསན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
        གྲོས་ཚོགས་ཐོག་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་ཀའི་འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། གཞི་རྩའི་ཆ་ནས་《སྐོར་ཐེངས་གསར་པའི་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་ཇུས་འགོད།》ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཐོག་ཏུ་2012ལོ་རང་ཞིང་གིས་“7+20”ཡི་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་ལམ་ལུགས་བཙུགས་པ་ནས་བཟུང་ཁྲེན་ཏུའུ་སོགས་གྲོང་ཁྱེར་བདུན་གྱིས་ལས་ཀ་ནན་གྱིས་བསྒྲུབས་ཤིང་། བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་ལ་མཛད་རྗེས་གལ་ཆེན་བཞག་པ་རེད་ཅེས་བསྟན། གྲོས་ཚོགས་ཐོག་ཏུ་དོན་དངོས་དང་མཐུན་པའི་སྒོ་ནས་སྐོར་ཐེངས་གསར་པའི་ཞིང་ཆེན་ནང་ཁུལ་གྱི་བོད་སྐྱོར་ལས་ཀ་མཇུག་སྒྲིལ་བར་དམ་འཛིན་བྱ་དགོས་པ་དང་། ཁ་གཏད་རོགས་སྐྱོར་གྱི་འགན་ཁུར་བའི་གྲོང་ཁྱེར་བདུན་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག བོད་ཁུལ་གྱི་རོགས་སྐྱོར་བྱ་ཡུལ་གྱི་རྫོང་20ཡིས་བོད་སྐྱོར་འཆར་གཞི་ལྟར་ཁྱོན་ཡོངས་ནས་ལེགས་སྒྲིག་དང་ཕྱོགས་བསྡོམས་དཔྱད་འཇོག་ལ་ཤུགས་སྣོན་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་སྒོས་ཆད་ལྷག་ལ་ཞིབ་བཤེར་དང་བདེ་བླག་ངང་འགན་ཁུར་ལེགས་པར་འགྲུབ་པར་འགན་སྲུང་བྱ་དགོས། ཞིབ་ཆ་ཡོད་པའི་སྒོ་ནས་སྐོར་ཐེངས་གསར་པའི་ཞིང་ཆེན་ནང་ཁུལ་གྱི་བོད་སྐྱོར་ལས་ཀའི་འཆར་འགོད་སྒྲིག་བཟོ་བྱ་དགོས་ཤིང་།  བོད་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། དབུལ་བྲལ་འགག་སྒྲོལ་སོགས་གཅིག་འགྱུར་འཆར་འགོད་བྱས་ཏེ་ཤར་ནུབ་མཐུན་སྦྱོར་དང་། ཀོང་ཏུང་དང་ཀྲེ་ཅང་གིས་རང་ཞིང་གི་བོད་ཁུལ་ལ་རོགས་སྐྱོར་བྱེད་པ་བཅས་གཅིག་འགྱུར་འཆར་འགོད་བྱས་ཏེ།  རྒྱུན་ཆད་མེད་པར་ཞིང་ཆེན་ནང་ཁུལ་གྱི་བོད་སྐྱོར་ལས་ཀའི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1