ཞི་ཅིན་ཕིང་ཉིན་ཞར་གཟིགས་ཞིབ་ཏུ་ཕེབས་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20


       

        སྤྱི་ཟླ་7ཚེས་19ཉིན་གྱི་སྔ་དྲོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཁྲེང་དབྱི་སི་ལན་ཆོས་ཁང་དུ་ཕེབས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་།  ཆོས་ཁང་དུ་ཞི་ཅིན་ཕིང་དང་ཉིན་ཞ་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་མི་སྣས་མཛའ་བརྩེ་ངང་གླེང་མོལ་གནང་སྟེ།  ཁོ་ཚོ་བརྒྱུད་ནས་རྒྱ་ཆེ་བའི་མུའུ་སི་ལིན་གྱི་དད་ལྡན་པ་དག་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་ཞུས།   ཞི་ཅིན་ཕིང་གིས་རང་རྒྱལ་གྱི་མི་རིགས་ཁག་དང་ཆོས་ལུགས་ནི་ལོ་ངོ་5000ལྷག་གི་ཤེས་རིག་ལོ་རྒྱུས་ཁྲོད་འཕེལ་རྒྱས་བྱུང་བ་ཡིན་ལ།  དངོས་ཡོད་དང་དམ་དུ་སྦྲེལ་ན་ད་གཟོད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ངེས་ཞེས་བསྟན་པ་དང་།  ཞི་ཅིན་ཕིང་གིས་ཚང་མས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་།  དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བགྲོད་ལམ་སྟེང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པའི་བླང་བྱ་བཏོན། དབྱི་སི་ལན་ཆོས་ལུགས་ལས་རིགས་མི་སྣ་ཀུན་གྱིས་ནན་ཏན་སྒོས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་།  ཁུ་རན་གསུང་རབ་ལེགས་པར་བཀླག་པར་མ་ཟད་ཕྱུག་འགྱུར་གདམས་ངག་ཀྱང་ནན་གྱིས་བཀླགས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞི་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་འདོད་པའི་བསམ་ཚུལ་བསྟན།།

          


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1