སྐབས་དང་པོའི་འཛམ་གླིང་གི་དགེ་མཚན་ལྡན་པའི་སློབ་གསོའི་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་ཨ་མེ་རི་ཁ་ནས་ཚོགས་འགོ་ཚུགས་པ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20


     བྱིས་པའི་མ་འོངས་པའི་སློབ་སྦྱོང་གི་རྣམ་འགྱུར་དང་དང་ལས་དོན་གྱི་གྲུབ་འབྲས། འཚོ་བའི་བདེ་སྐྱིད་ཀྱི་ཆུ་ཚད་བཅས་ནི་ཅི་ཞིག་དང་འབྲེལ་བ་དམ་པོ་ཡོད་དམ། སྤྱི་ཟླ་7པའི་ཚེས་18ཉིན་ཨ་རིའི་ཏ་ལ་སི་གྲོང་ཁྱེར་དུ་སྐབས་དང་པོའི་འཛམ་གླིང་དགེ་མཚན་ལྡན་པའི་སློབ་གསོའི་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་སྟེང་། རྒྱལ་ཁབ་40ལྷག་ནས་ཡོང་བའི་ཆེད་རམས་པ་དང་སློབ་གསོའི་ལས་ཀ་ལས་མཁན་ཧ་ལམ་སྟོང་ཕྲག་གཅིག་ལྷག་མཉམ་དུ་འཛོམས་ནས་དགེ་མཚན་ལྡན་པའི་སློབ་གསོའི་རྒྱུ་རྐྱེན་གཙོ་བོར་དམིགས་ནས་གཏིང་ཟབ་པའི་སྒོ་ནས་ཞིབ་དཔྱད་དང་བསམ་བློ་བརྗེ་རེས་གནང་། དགེ་མཚན་ལྡན་པའི་སེམས་ཁམས་རིག་པ་དང་བདེ་སྐྱིད་ཀྱི་ཚན་རིག་གིས་ཁྱིམ་ཚང་དང་། སློབ་གྲྭ དེ་མིན་སྤྱི་ཚོགས་ཡོངས་སུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏང་།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1