ཤམ་བྷ་ལ་གོ་ལ་ཧྲིལ་པོའི་པར་ལེན་མཛད་སྒོ་ཆེན་མོ་དང་རྒྱལ་སྤྱིའི་པར་ལེན་གླེང་སྟེགས་ཀན་སུའུ་གཙོས་གྲོང་ཁྱེར་དུ་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-21


         གོམ་གང་མདུན་སྤོས་སྒོས་རིག་གནས་ཡུལ་སྐོར་ཐོན་ལས་གཏིང་ཟབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཀན་ལྷོའི་ཤམ་བྷ་ལའི་རིག་གནས་ཡུལ་སྐོར་གྱི་སྤུས་ལྡན་ཚོང་རྟགས་ཀྱི་མཚན་སྙན་དང་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། སྤྱི་ཟླ་7པའི་ཚེས་17ཉིན། ཀན་སུའུ་ཞིང་ཆེན་རིག་རྩལ་མཐུན་ཚོགས་དང་ཀན་ལྷོ་ཁུལ་ཨུ། ཁུལ་སྲིད་གཞུང་། ཀྲུང་གོ་རྒྱལ་སྤྱིའི་སློབ་གསོ་བརྙན་འཕྲིན་ཁང་གིས་མཉམ་སྒྲུབ་བྱས་པའི་ཤམ་བྷ་ལ་གོ་ལ་ཧྲིལ་པོའི་པར་ལེན་མཛད་སྒོ་ཆེན་མོ་དང་ཤམ་བྷ་ལ་རྒྱལ་སྤྱིའི་པར་ལེན་གླེང་སྟེགས་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།

          ཤམ་བྷ་ལ་གོ་ལ་ཧྲིལ་པོའི་པར་ལེན་མཛད་སྒོ་ཆེན་མོ་དང་ཤམ་བྷ་ལ་རྒྱལ་སྤྱིའི་པར་ལེན་གླེང་སྟེགས་དེ་རྒྱལ་ཁབ་ཀྱི་པར་ལེན་མཛད་སྒོ་ཆེན་མོ་དྲུག་ཅེས་པའི་རྒྱལ་སྤྱིའི་སྤུས་ལྡན་ཚོང་རྟགས་ཆེན་མོ་དྲུག་གི་ནང་གསེས་སུ་འདུ་སྟེ། གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་གཅེས་སྤྲས། ཐཱན་དམའི་དཔལ་འབྱོར་དང་འཚོ་བ་དར་སྤེལ་གྱི་བརྗོད་གཞི་གཙོ་བྱས་ཏེ་གཟུགས་བརྙན་དང་པར་རིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྐུལ་བཏང་བ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1