དབྱི་ལི་ཡིས་འཛམ་གླིང་དངུལ་ཁང་གི་འགན་འཛིན་པ་ཅིན་ཡུང་ལ་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-25


     སྤྱི་ཟླ་7པའི་ཚེས་24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་སི་ཁྲོན་དུ་ཕེབས་ཏེ་2016ལོའི་སྐབས་གསུམ་པའི་རྒྱལ་ཁབ་ཉི་ཤུ་ཡི་ནོར་སྲིད་འགན་འཛིན་པ་དང་དངུལ་ཁང་གི་འགན་འཛིན་པའི་ཚོགས་འདུར་བཞུགས་པའི་འཛམ་གླིང་དངུལ་ཁང་གི་འགན་འཛིན་པ་ཅིན་ཡུང་དང་ཕེབས་རོགས་རྣམས་ལ་མཇལ་འཕྲད་གནང་།
     དབྱི་ལི་ཡིས་འཛམ་གླིང་དངུལ་ཁང་གིས་དུས་ཡུན་རིང་བོར་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གནང་བའི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས། ཁོང་གིས་སི་ཁྲོན་དང་འཛམ་གླིང་དངུལ་ཁང་གིས་མཉམ་ལས་བྱེད་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རྨང་གཞི་ཡོད་པ་དང་། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་ཕྱོགས་ནས་མཉམ་དུ་འཚོལ་ཞིབ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་མཉམ་ལས་བྱེད་པའི་ནང་རྐྱེན་ཕུན་སུམ་ཇེ་ཚོགས་སུ་བཏང་ཐོག མཉམ་ལས་བྱེད་ཐབས་གསར་གཏོད་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏང་དགོས་ཞེས་བསྟན། 
     ཅིན་ཡང་གིས་བཤད་རྒྱུ། ཅུན་ཡུང་གིས་ཉེ་བའི་ལོ་འགའི་རིང་ལ་སི་ཁྲོན་འཕེལ་རྒྱས་འབྱུང་ཚད་ཧ་ཅང་མགྱོགས་པས། མི་རྣམས་ལ་ཤུགས་རྐྱེན་གཏིང་ཟབ་པ་བཞག་ཡོད། འཛམ་གླིང་དངུལ་ཁང་གིས་སི་ཁྲོན་ནས་སྔར་ལས་མང་བའི་གོ་སྐབས་འཚོལ་བར་མོས་པ་ཡོད་པར་མ་ཟད། སི་ཁྲོན་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ནས། མཉམ་དུ་དམངས་འཚོའི་འཚོ་བའི་སྤུས་ཚད་ལེགས་ཕྱོགས་སུ་བསྒྱུར་བར་འབད་བརྩོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1