སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་སྤེལ་བར་ཉིན་བརྒྱ་ཡོད་པ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-25


    

     གསར་འགོད་པའི་ཟླ་7པའི་ཚེས་24ཉིན། སི་ཁྲོན་གྱི་དངོས་མང་འགྲེམ་སྟོན་ལས་དོན་ཅུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་གྲོས་ཚོགས་ཏེ་ཟླ་7པའི་ཚེས་25ཉིན་ནས་བཟུང་འགོ་བརྩམས་པར་ལྡོག་རྩིས་ཀྱི་ཉིན་བརྒྱ་མ་གཏོགས་མེད་ལ། མིག་སྔར། ཚོང་འགུག་དང་འགྲེམ་སྟོན་རྒྱ་ཁྱོན་བརྒྱ་ཆ་བརྒྱད་ཟིན་པ་དང་།  རྒྱབ་ཁབ་དང་ས་ཁུལ་47དངོས་སུ་འགྲེམ་སྟོན་ཁྲོད་དུ་བཞུགས་པ་གཏན་འཁེལ་བྱས་ཡོད། སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་དེ་ཀྲུང་གོའི་ནུབ་རྒྱུད་དང་འཛམ་གླིང་གི་གོ་སྐབས་ཅེས་པ་བརྗོད་བྱ་གཙོ་བོ་བྱས་ནས། ཟླ་11པའི་ཚེས་3ཉིན་ནས་ཚེས་14ཉིན་གྱི་བར་ཁྲེན་ཏུའུ་ནས་སྤེལ་རྒྱུ་རེད། །

 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1