རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་སི་ཁྲོན་གྱི་མི་རིགས་ས་ཁུལ་དུ་ཡུལ་སྐོར་འཕེལ་རྒྱས་སྐོར་བརྟག་ཞིབ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-25


    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཆི་ཞུས་ཁྲེན་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཚོ་ཆུང་སྐོར་དང་བཅས་པ་སི་ཁྲོན་དུ་ཕེབས་པར་སྣེ་ཁྲིད་ནས། སི་ཁྲོན་ས་ཁུལ་གྱི་དབྱིས་རིགས་ས་ཁུལ་དང་བོད་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ནས།མི་རིགས་ས་ཁུལ་དབུལ་བྲལ་ཕྱུགས་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་ཅེས་པའི་གྲོས་གཞི་ལྟ་སྐུལ་སྒྲུབ་གཉེར་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱས་པར་མ་ཟད། ཟླ་7པའི་ཚེས་19ཉིན་་ཁྲེན་ཏུའུ་ནས་བཞུགས་མོལ་ཚོགས་འདུ་འཚོགས། 
    འཚོགས་འདུའི་ཐོག་དུ།སི་ཁྲོན་ཞིང་ཆེན་ཞིང་དཔོན་གཞོན་པ་དབྱང་ཧུང་པོས་འབྲེལ་ཡོད་ལས་ཀའི་སྐོར་སྙན་ཞུ་ཕུལ།  2015ལོ་མཇུག་བར་དུ། སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་དང་ཡུལ་ཤོག ཡུལ་སྡེ་110འཛུགས་སྐྲུན་བྱས་ཏེ།བོད་ཁྱིམ་སྡོད་ཁང་དང་།ཞིང་སྡེའི་སྡོད་ཁང་3600ལྷག་ལྷག་འཕེལ་རྒྱས་སུ་བཏང་ཐོག ཞིང་སྡེའི་ལས་ཞུགས་མི་གྲངས་ཁྲི13ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས་ནས།ཡུལ་སྐོར་ལས་རིགས་ཏེ་མི་རིགས་ས་ཁུལ་འབྱོར་ལྡན་དུ་བསྒྱུར་བའི་དམངས་འཚོའི་ཐོན་ལས་གཅིག་དུ་གྱུར་བ་རེད།གོམ་སྟབས་རྗེས་མར།ས་ཁོངས་ཡོངས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ལ་ཤུགས་བསྣན་ཐོག འགྲིམ་འགྲུལ་ལམ་ཐིག་སྟབས་བདེ་རུ་བསྒྱུར་བར་རྒྱུན་འཁྱོངས་བྱས་ནས། ཡུལ་སྐོར་ལས་རིགས་ཀྱི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་དང་།ཡུལ་སྐོར་ལས་རིགས་ཀྱི་ལས་གྲྭ་རྩེ་གྲས་དང་གཙོ་གནད་རྣམ་གྲངས་ཁག་སྐུལ་ཁྲིད་བྱེད་པ་ལག་བསྟར་བྱས་ནས།ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་བོད་ཁུལ་ཅེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ།གཅིག་གྱུར་གྱི་ཚོང་རྟགས་དང་མི་རིགས་ས་ཁུལ་གྱི་སྣང་བརྙན་མཚོན་ཐུབ་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ཅེས་གསུངས།རྔ་བ་དང་དཀར་མཛེས། ལའང་ཧྲན་ཁུལ་གྱིགྱི་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་རྣམས་ཀྱིས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བྱིན་པའི་གནས་ཚུལ་སྙན་ཞུ་ཕུལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1