སི་ཁྲོན་པའེ་ཁྲོན་བོད་སྡེ་ཡིས་བོད་ཀྱི་སྲོལ་རྒྱུན་ཞོ་སྟོན་དུས་ཆེན་ལ་རོལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། རྣམ་དཀར་ལྷ་མོས་བསྒྱུར། སྤེལ་དུས། 07-26


       སྤྱི་ཟླ་7པའི་ཚེས་23ཉིན། མཚོ་འཕགས་སྨི་1300ལྷག་ཡོད་པའི་སི་ཁྲོན་པའེ་ཁྲོན་ཐའོ་ལུང་བོད་རིགས་ཡུལ་ཤོག་ཏུ་བོད་རིགས་ཁྱད་ལྡན་གྱི་སྲོལ་རྒྱུན་ཞོ་སྟོན་དུས་ཆེན་ལ་རོལ་འགོ་བརྩམས།

       ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་རྒན་རྒོན་དང་བྱིས་པ་དག་ཁྲིད་དེ་ལུ་གུས་དགྲ་ལྷར་མཆོད་འབུལ་བྱས་ནས་བདེ་སྐྱིད་ལྡན་ཞིང་དོན་ཀུན་ལེགས་པར་འགྲུབ་པའི་གསོལ་འདེབས་བྱས། དེ་ཡང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱང་བོད་རིགས་ཡུལ་སྡེ་འདིར་འཛོམས་ཏེ་བོད་ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་རོལ་མྱོང་བྱས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1