དབྱི་ལི་ཡིས་ཀྲུང་གོའི་ནུས་ཁོངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་འགོ་འཛིན་པ་ཝང་ཞའོ་ཁང་ལ་་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-26


    

    སྤྱི་ཟླ་7པའི་ཚེས་25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་ཀྲུང་གོའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་འགོ་འཛིན་པ་ཝང་ཞའོ་ཁང་དང་ཕེབས་རོགས་རྣམས་ལ་མཇལ་འཕྲད་གནང་།

  དབྱིན་ལི་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ནས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཀྱི་སྒྲིག་ཆས་བཟོ་སྐྲུན་དེ་རང་རེའི་ཞིང་ཆེན་གྱི་འཚར་ལོངས་རང་བཞིན་གྱི་ཐོན་ལས་ཆེན་མོ་ལྔའི་ཁྲོད་དུ་བཞག་ནས་དམིགས་བཀར་གསོ་སྐྱོང་བྱས་པ་ཡིན། སི་ཁྲོན་འཕེལ་རྒྱས་ཀྱི་གོ་སྐབས་ནི་ང་ཚོ་ཐུན་མོང་གི་གོ་སྐབས་ཡིན་པས། ཀྲུང་གོའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཁེ་ལས་འཕེལ་རྒྱས་དང་སི་ཁྲོན་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་སི་ཁྲོན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་གཉིས་མཉམ་གཅིག་དུ་ཟུང་འབྲེལ་བྱས་ཐོག སི་ཁྲོན་དུ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་རེ་བ་བཅངས་ཡོད་ཅེས་གསུངས།
ཝང་ཞའོ་ཁང་གིས་ཀྲུང་གོའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱིས་སི་ཁྲོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཤིང་། གོམ་གང་མདུན་སྤོས་ཀྱིས་སི་ཁྲོན་དུ་རྣམ་གྲངས་བཀོད་སྒྲིག་གཏང་བ་དང་། མ་དངུལ་གཏོང་འཇོག་བྱེད་ཤུགས་སྔར་ལས་ཇེ་མང་དུ་གཏང་བར་མོས་པ་ཡོད་པ་མ་ཟད། ཁེ་ལས་རིགས་འཕེལ་རྒྱས་ལེགས་པོ་འགྲོ་བར་བརྩོན་ལེན་བྱེད་པ་དང་དུས་མཉམ་དུ། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་དུ་སྔར་ལས་ལེགས་པའི་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1