ཞི་ཅིན་ཕིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ཁྲེན་ཧྥེང་ཧྥོ་ཀྲེན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26


        སྤྱི་ཟླ་7པའི་ཚེས་25ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ཁྲེན་ཧྥེང་ཧྥོ་ཀྲཆན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་སྨན་བཅོས་འཕྲོད་བསྟེན་དང་ཆབ་སྲིད། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་ཕྱིན་ཏེ་རྒྱལ་སྤྱིའི་འབྲེལ་བ་དང་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད་པ་རེད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་འགན་བྱེད་པར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། བཅོས་སྒྱུར་ཟབ་སྤེལ། དམངས་ཡོངས་ཀྱི་སྨན་བཅོས་          འགན་སྲུང་ལམ་ལུགས་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་རྫས་ལམ་ལུགས་འཛུགས་སྐྲུན་དང་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་ཅན་དུ་སྒྱུར་བ་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དུས་མཚུངས་སུ། ཀྲུང་གོ་སྔར་བཞིན་འགྲན་རྩོད་མང་པོར་གདོང་གཏོད་དགོས་པས། ང་ཚོས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དང་བཀོད་སྒྲིག་གཏན་འབེབ་བྱས་ཏེ་ཡུན་རིང་འབྲིང་གི་བདེ་ཐང་འཕེལ་རྒྱས་ཀྱི་ཇུས་འགོད་དམ་འཛིན་སྒོས་གཏན་འབེབ་བྱེད་བཞིན་ཡོད། ཀྲུང་གོ་མི་དམངས་ཡོངས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མྱོང་རྒྱུ་དེའང་ང་ཚོའི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་བསྟན།
        ཁྲེན་ཧྥེང་ཧྥོ་ཀྲེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་མཉམ་ལས་ཁྱབ་ཁོངས་སུ་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པའི་ཐད་ལ་མགོ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཀྲུང་གོའི་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་རིགས་ལམ་ཕུགས་རྒྱང་རིང་ཞིང་དེས་གནས་བབ་གསར་པའི་འོག་གི་འཛམ་གླིང་གི་མཉམ་ལས་དང་འཛམ་གླིང་བཅོས་སྐྱོང་ལ་རྣམ་པ་གསར་པ་འདོན་སྤྲོད་བྱས་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1