ཞིང་ཆེན་ཏང་ཨུའི་གྲོང་སྡེའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-01


      ཉེ་ཆར། ཞིང་ཆེན་ཏང་ཨུའི་གྲོང་སྡེའི་ལས་ཀ་འགོ་ཁྲིད་ཚན་ཆུང་གིས་ཁོངས་གཏོགས་ལས་ཁུངས་སྙོམས་སྒྲིག་བྱས་རྗེས་ཀྱི་ཐོག་མའི་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་གྲོང་སྡེའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ལིའུ་ཀའོ་ཀྲུང་ཚོགས་འདུའི་ཐོག་བཞུགས་པར་མ་ཟད་གསུངས་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། གྲོང་གྲོང་སྡེའི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུའི་གྲོང་སྡེའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ་ཆུས་མོའི་ཧྲི་ཧྭ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
    འཚོགས་འདུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་ཀའི་ཐད་ཀྱི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་དང་། ཁུངས་གཏོགས་ལས་ཁུངས་སོ་སོའི་ལས་ཀའི་སྙན་ཞུ་ཁག་ལ་གསན་འཇོག་གནང་སྟེ། ཞིང་ཆེན་ཡོངས་ཀྱི་ལོ་སྨད་ཀྱི་ཞིང་གསུམ་ལས་ཀའི་གཙོ་གནད་ལས་དོན་གྱི་གྲོས་འགོ་ལ་གྲོས་ཞིབ་བྱས་པ་དང་། རྗེས་མའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
    ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ལོ་སྨད་ཀྱི་དབུལ་བྲལ་འགག་སྒྲོལ་བྱ་བའི་གཙོ་གནད་ལས་ཀའི་བཀོད་སྒྲིག་ལྟར། ཧུར་ཐག་གིས“ཁག་གཅིག་ལྔ”དང“གཅིག་ལྔ”། ལོ་གཅིག་གི་ཆེད་དོན་རྣམ་གྲངས་བཅུ་བདུན་གྱི་འཆར་འགོད་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་པ་དང་། དོ་དམ་ལ་ཤུགས་སྣོན་བྱེད་པ། གཟབ་ནན་གྱིས་ལྟ་སྐུལ་ཞིབ་དཔྱད་བྱས་ཐོག ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་བརྩམས་པའི་ལོར་གནད་སྨིན་དབུལ་བྲལ་ཡོང་བར་རྒྱལ་ཁ་ལོན་པར་བྱེད་པ་དང་། གོམ་སྟབས་རྗེས་མའི་ལས་ཀ་ཁག་ལེགས་འགྲུབ་ཡོང་བར་ལམ་བུ་ལེགས་པོ་ཞིག་བཏོན་དགོས་ཞེས་ནན་གྱིས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1