ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་ཐང་ཧྲན་གྲོང་ཁྱེར་ལ་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-30



        སྤྱི་ཟླ་7པའི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ཧྲན་གྲོང་ཁྱེར་ལ་ས་འགུལ་བྱུང་ནས་གནོད་སེལ་རྒུད་སྐྱོབ་དང་ཐང་ཧྲན་གསར་པ་འཛུགས་སྐྲུན་བྱས་ནས་ལོ་ངོ་40ལོན་པའི་སྐབས་སུ་ཧོ་པེ་ཞིང་ཆེན་གྱི་ཐང་ཧྲན་གྲོང་ཁྱེར་དུ་ཕེབས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱས་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། གནོད་སེལ་རྒུད་སྐྱོབ་ནུས་པར་ཤུགས་སྣོན་བྱས་པའི་ཐད་ལ་རྟོག་ཞིབ་མཛད། ཁོང་གིས་རང་བྱུང་གནོད་འཚེ་དང་འགོག་རྒོལ་བྱེད་པ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་བའི་གླེང་གཞི་གཙོ་བོ་ཡིན་པས། རང་འགུལ་སྒོས་མི་དང་རང་བྱུང་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་གནོད་སེལ་རྒུད་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། རང་བྱུང་གནོད་འཚེ་སྣ་ཚོགས་ཁྲོད་ཀྱི་ལག་ལེན་ལས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། འགན་འཁྲི་ལག་བསྟར་དང་མ་ལག་འཐུས་ཚང་དུ་གཏང་བ། ཐོན་ཁུངས་ལེགས་སྒྲིག་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས། དམངས་ཡོངས་ཀྱི་གནོད་འགོག་གནོད་རྒོལ་་འདུ་ཤེས་ཇེ་དྲག་ཏུ་གཏང་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གནོད་སེལ་རྒུད་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1