ཏུན་ཧོང་ལྡེབས་རིས་ཏེ་གནའ་བོའི་ལུས་རྩལ་འགུལ་སྐྱོད་མང་པོ་ལས་དེང་རབས་ཨོ་རྩལ་འགྲན་ཚོགས་ཀྱི་གྲིབ་མ་མཐོང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 08-08


         2016ལོའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་པེ་ཅིན་གྱི་དུས་ཚོད་དེ་སྤྱི་ཟླ་8པའི་ཚེས་6ཉིན་གྱི་སྔ་དྲོར་འགོ་ཚུགས་པ་དང་། ཏུན་ཧོང་ཞིང་འཇུག་གླིང་གིས་དུས་དང་མཉམ་དུ་ཕྱིཕྱོགས་སུ་ཏུན་ཧོང་བྲག་ཕུག་ནང་དུ་ལུས་རྩལ་དང་འབྲེལ་བའི་ལྡེབས་རིས་ཡིག་རིགས་འབོར་ཆེན་ཞིག་སོར་འཇོག་བྱས་ཡོད་པ་ཁག་ཅིག་ཁྱབ་བསྒྲགས་བྱས། གནའ་བོའི་ལུས་རྩལ་འགུལ་སྐྱོད་ཀྱི་པར་རིས་དེ་དག་གི་ཁྲོད་དུ་དེང་རབས་ཨོ་རྩལ་རྣམ་གྲངས་ཀྱི་གྲིབ་མ་དང་འགོ་ཁུངས་འདུ་ལ། ད་ལྟ་བལྟས་ཚེ། ཏུན་ཧོང་ལྡེབས་རིས་ནང་གི་ཨོ་རྩལ་འགྲན་ཚོགས་ཀྱང་སྔར་བཞིན་ངོ་མཚར་ལྡན།

ཆུར་རྐྱལ་བ། 

         ཉར་ཚགས་བྱས་པའི་རྒྱུ་ཆ་ལས་གསལ་བ་ནི། སྒྲིག་སྲོལ་དང་གཞི་རྒྱའི་ཐད་ནས་དེང་རབས་ལུས་རྩལ་འགུལ་སྐྱོད་དང་ཧེ་བག་ཅུང་ཆེ་ཞིང་། འོན་ཀྱང་ལྡེབས་རིས་སུ་བྲིས་པའི་མདའ་འཕེན་དང་ལྗིད་འདེགས། ཆུ་རྐྱལ། གྲུ་འཐེན། རྟ་ཐོག་ལུས་རྩལ། དྲག་རྩལ། རིར་འཛེག་པ་སོགས་རྣམ་གྲངས་20ལྷག་འདུས་པའི་ལུས་རྩལ་འགུལ་སྐྱོད་སུང་དང་ཡོན་རྒྱལ་རབས་སྔོན་ནས་ཀྲུང་གོར་དར་ཁྱབ་ཆེ་འདུག

དབྱུག་ཀྱོག་སྤོ་ལོ་རྩེ་བ།

         ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པས་གྲལ་བཤེར་བྱས་པ་བརྒྱུད། ཉིན་དེར་གསང་བ་ཕྱི་རུ་བརྟོལ་བའི་གྲི་རྩེད་དང་ཤེད་ཚད་པ། ལུས་སྦྱོང་། གར་སྟབས་རྐྱལ་རྩེད། དབྱུག་ཀྱོག་སྤོ་ལོ། རྟ་ཐོག་ལུས་རྩལ། ལྗིད་འདེགས། མིག་མངས་སོགས་འདུས་པའི་ཏུན་ཧོང་ལྡེབས་རིས་ཀྱི་གནའ་བོའི་ལུས་རྩལ་རྣམ་གྲངས་ཁག་ཅིག་དེང་རབས་ཨོ་རྩལ་རྣམ་གྲངས་དང་རིགས་མཚུངས་པ་མ་ཟད། རྩལ་དང་འཐབ་རྩལ་ལ་ཧ་ཅང་དོ་སྣང་བྱེད་འདུག

གྲི་རྩེད།

         ལྗིད་འདེགས་ནི་ལོ་རྒྱུས་རྒྱུན་རིང་བའི་ལུས་རྩལ་འགུལ་སྐྱོད་རྣམ་གྲངས་ཤིག་སྟེ། ལོ་ངོ་སྟོང་ཕྲག་གི་ཡར་སྔོན་གྱི་ཀྲུང་གོར་ཁྱབ་ཆེར་དར་སྤེལ་བྱུང་བ་མ་ཟད་དུས་ཡུན་རིང་པོར་དྲག་རྩལ་རྒྱུགས་ལེན་བསླབ་ཚན་གྱི་ཁོངས་སུ་བཅུག་པ་རེད། ཏུན་ཧོང་ལྡེབས་རིས་སུ་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་གང་བོའི་མཛད་རྗེས་མཚོན་ཆེད། རི་མོ་བས་གསོན་ཉམས་ལྡན་པའི་ངང་རྒྱལ་བུའི་གླང་ཆེན་དང་ཅོང་བཏེགས་པ་སོགས་ཀྱི་ལྗིད་འདེགས་འགྲན་རྩལ་གྱི་རྣམ་པ་མཚོན་འདུག ལྗིད་འདེགས་ལྡེབས་རིས་དེ་ནི་ད་ལྟའི་བར་དུ་ཀྲུང་གོའི་ཆེས་སྔ་ཤོས་ཀྱི་ལྗིད་འདེགས་ཚབ་མཚོན་རང་བཞིན་གྱི་རྒྱུ་ཆ་སྟེ་ཀྲུང་ཧྭ་གནའ་བོའི་ལུས་རྩལ་འགུལ་སྐྱོད་རིག་གནས་ཀྱི་གཅེས་ནོར་དུ་ངོས་འཛིན་བྱེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1