ཞིང་ཆེན་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་གཏན་སྲུང་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ཁ་པར་དང་བརྙན་འཕྲིན་གྱི་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-08


       ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཟླ་8པའི་ཚེས་7ཉིན། ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་ལ་གཏན་སྲུང་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ཁ་པར་དང་བརྙན་འཕྲིན་གྱི་ཚོགས་འདུ་དེ་ཁྲེན་ཏུའུ་ནས་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་བྲལ་འགག་སྒྲོལ་ལས་ཀའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དབུལ་བྲལ་འགག་སྒྲོལ་ལས་ཀའི་སྐོར་གྱི་མཛུབ་སྟོན་བླང་བྱ་ཁག་བརྒྱུད་བསྒྲགས་དང་། ལོ་ཧྲིལ་བོའི་་དབུལ་བྲལ་འགག་སྒྲོལ་གྱི་གཙོ་གནད་ལས་ཀ ཁྱོན་ཡོངས་ནས་གཏན་སྲུང་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་གནང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀའོ་ཀྲུང་ཚོགས་འདུར་བཞུགས་པར་མ་ཟད་གསུངས་བཤད་གནང་། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཝང་མིན་ཧའེ་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
       ཚོགས་འདུའི་ཐོག ལོའུ་ཀའོ་ཀྲུང་གིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས《བློ་མཐུན་ཝང་ཏུང་མིང་གིས་དབུལ་བྲལ་འགག་སྒྲོལ་ལས་ཀའི་མཛུབ་སྟོན་སྙིང་དོན་སྐོར་གྱི་བྲེལ་མྱུརབརྡ་ཐོ་སློབ་སྦྱོང་དང་ལག་བསྟར་བྱེད་པ། 》བརྒྱུད་བསྒྲགས་གནང་བ་དང་། ཁོང་གིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་མོ་ལེན་པ་དང་། ལྷག་པར་དུ་མིག་སྔའི་དབུལ་བྲལ་འགག་སྒྲོལ་ལས་ཀའི་ཕྱོགས་ལྔའི་ཐད་ཀྱི་གནད་དོན་དང་དོན་དངོས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་ལ་ཤུགས་སྣོན་པ་དང་། ད་ལོའི་དབུལ་བྲལ་འགག་སྒྲོལ་ལས་ཀའི་དམིགས་ཡུལ་དང་འགན་འཁྲི། དོན་དངོས་ཐོག་གསར་སྐྲུན་རང་བཞིན་གྱིས་ལས་ཀ་ཁྱབ་སྤེལ་བྱེད་པ་བཅས་དམ་འཛིན་བྱེད་པ། དབུལ་ཕོངས་མང་ཚོགས་ལ་སྐུལ་སློང་བྱེད་པ་དང་། གཟབ་ནན་གྱིས་དཔྱད་ཞིབ་གདེང་འཇོག་དང་འགན་འཁྲི་རྩད་གཅོད་བདའ་འདེད་བྱེད་པ་སོགས་ཀྱི་བླང་བྱ་ཁག་ལ་གོ་བ་གཏིང་ཟབ་མོ་ལེན་པ། དེ་མིན་བསམ་བློའི་འདུ་ཤེས་མཐོར་འདེགས་དང་འགན་འཁྲི་གལ་ཆེན་ཁག་ལ་ཤེས་རྟོག་ཟབ་མོ་ཡོང་བ་བྱས་ནས། ཕྱི་གསལ་ནང་གསལ་གྱིས་ཤེས་རྟོགས་དང་རྐང་ཚུགས་པར་བྱེད་པ་དང་། བྱེད་ཐབས་ཐོག་གསར་གཏོད་གསར་སྐྲུན་དང་དངོས་ཐོག་བདེན་འཚོལ་བཅས་བྱས་ནས། རྣམ་གྲངས་སོ་སོའི་བླང་བྱ་ཁག་དབུལ་བྲལ་འགག་སྒྲོལ་ལས་ཀའི་ལག་ལེན་དངོས་ཀྱི་ཁྲོད་དུ་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1