སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་དྲ་བའི་སྐྱེལ་འདྲེན་ཚོང་ལས་མཉམ་ལས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-11


     མཉམ་སྦྲེལ་དྲ་བ+ཡུལ་སྐོར་དེས་ཡུལ་སྐོར་ལས་རིགས་གྱི་རྒྱུན་ཚུལ་དང་ཡུལ་སྐོར་བའི་འཚོ་བ་ལ་རྒྱུན་མཐུད་དུ་འགྱུར་བ་ཐེབས་བཞིན་འདུག  ཟླ་8པའི་ཚེས་10ཉིན། རྒྱལ་ཡོངས་ཀྱི་སྐབས་ལྔ་པའི་ཡུལ་སྐོར་དྲ་བའི་སྐྱེལ་འདྲེན་ཚོང་ལས་མཉམ་ལས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཏུའུ་ཅང་ཡན་གྲོང་ཁྱེར་དུ་དངོས་སུ་འཚོགས།  རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཅན་གྱི་ཡུལ་སྐོར་ཁེ་ལས་དང་།ལྷག་པར་དུ་རྒྱལ་ཡོངས་ཀྱི་མིང་གྲགས་ཅན་གྱི་ཁེ་ལས་བཅུ་དང་། རྒྱལ་ནང་གི་མིང་གྲགས་ཅན་གྱི་སྐྱེལ་འདྲེན་ཚོང་ལས་རྣམས་མཉམ་གཅིག་ཏུ་འཛོམས་ནས། མཉམ་སྦྲེལ་དྲ་བ+ཡུལ་སྐོར་གཏིང་ཚད་ཟུང་འབྲེལ་སོགས་རྒྱུགས་ཆེ་བའི་གླེང་གཞི་དང་། མ་འོངས་བར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བའི་ཁ་ཕྱོགས་བཅས་ཇི་ལྟར་བྱས་ཏེ་རྒྱུན་མཐུད་ངང་སྐུལ་འདེད་གཏང་བའི་སྐོར་ལ་གཏིང་ཟབ་སྒོས་དཔྱད་སྡུར་བྱས། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧོང་ཡན་རོང་ཚོགས་འདུའི་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1