སྐབས་བཞི་བའི་རྒྱལ་ཁབ་རིམ་པའི་ཚན་རིག་ལག་རྩལ་མཐོ་རིམ་ཐོན་ལས་དང་རྒྱལ་སྤྱིའི་བགྲོ་གླེང་མཉམ་ལས་གྲོས་ཚོགས་སྤྱི་ཟླ་དགུ་བར་མེན་དབྱང་དུ་འཚོགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-15


      སྤྱི་ཟླ་8པའི་ཚེས11ཉིན། གསར་འགོད་པའི་སྐབས་བཞི་བའི་ཀྲུང་གོའི་མེན་དབྱང་གི་ཚན་རྩལ་གྲོང་རྒྱལ་སྤྱིའི་ཚན་རྩལ་འགྲེམ་སྟོན་ཚོགས་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་དམག་དོན་བཟོ་ལས་ཚན་རིག་ལག་རྩལ་ཞིབ་འཇུག་ཆུ་ཚད་ཆེས་མཐོ་བའི་དམག་དོན་བཟོ་ལས་མཐུན་ཚོགས་བཅུ་ཡི་འཐུས་ཚབ་བྱས་ཤིང་། ཟླ་9པའི་ཚེས21ཉིན་ནས་ཚེས24བར་དུ་མེན་དབྱང་ནས་སྐབས་བཞི་བའི་ཚན་རྩལ་འགྲེམ་ཚོགས་ཐོག་བཞུགས་རྒྱུ་གཏན་འཁེལ་བྱས་ཡོད། སྐབས་དེར་འཛམ་གླིང་གི་སྔོན་ཐོན་ཅན་གྱི་དམག་དམངས་ཁྱབ་ཁོངས་གི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་དང་ཐོན་རྫས་འགྲེམ་སྟོན་བྱས་ནས། ཁྱོན་ཡོངས་ནས་དམག་དམངས་མཉམ་འདྲེས་བརྗོད་བྱ་བྱས་པ་དེ་འབུར་དུ་ཐོན་པར་བྱ་རྒྱུ་རེད།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1