དཀར་མཛེས་ཁུལ་གྱིས་ཟོག་འདྲེན་རླངས་འཁོར་གྱི་མགྱོགས་ཚད་དང་ལྗི་ཚད་བརྒལ་པའི་གནད་དོན་མཉམ་དུ་བཅོས་སྒྲིག་བྱས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ཁམས་པའི་དྲ་བ། ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། སྤེལ་དུས། 08-16



 

             དུས་ཡུན་རིང་པོ་ནང་ལ།  དཀར་མཛེས་ཁུལ་གྱི་ཟོག་འདྲེན་རླངས་འཁོར་མགྱོགས་ཚད་དང་ལྗི་ཚད་བརྒལ་པའི་གནད་དོན་ཅུང་མངོན་གསལ་ཡིན་ལ།  གཞུང་ལམ་ལ་གནོད་སྐྱོན་བྱུང་སྟེ་འགྲིམ་འགྲུལ་འགག་པས།   སྤྱི་ཚོགས་ལས་རིགས་ཁག་གིས་བསམ་འཆར་མང་པོ་བཏོན་ཡོད།   དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ཆེན་པོ་བྱས་ནས།   ཁུལ་སྲིད་གཞུང་གིས་ཐེངས་མང་པོར་གྲོས་ཚོགས་འཚོགས་སྟེ་ཇུས་འགོད་ལ་ཞིབ་འཇུག་བྱས་པ་མ་ཟད་ད་དུང་ཚད་བརྒལ་བཅོས་སྒྲིག་ཚན་ཆུང་ཡང་བཙུགས་ཡོད།   བཀོད་སྒྲིག་ཞིབ་ཚགས་བྱས་རྗེས།   དཀར་མཛེས་ཁུལ་གྱིས་སྤྱི་ཟླ་8་པའི་ཚེས་1ཉིན་ནས་བཟུང་ཟོག་འདྲེན་རླངས་འཁོར་གྱི་མགྱོགས་ཚད་དང་ལྗི་ཚད་བརྒལ་པའི་གནད་དོན་མཉམ་དུ་བཅོས་སྒྲིག་བྱེད་འགོ་བརྩམས།  ཉིན་10ཡི་རིང་ལ་མཉམ་དུ་བཅོས་སྒྲིག་བྱས་ཏེ་མགྱོགས་ཚད་དང་ལྗི་ཚད་བརྒལ་པའི་གནས་ཚུལ་བཀག་སྡོམ་ལེགས་པོ་བྱས་ཏེ་ཁུལ་ཡོངས་ཀྱི་གཞུང་ལམ་བདེ་འཇགས་ཤར་བགྲོད་ཐུབ་པར་འགན་སྲུང་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1