འཛམ་གླིང་སྟེང་གི་ཆེས་ཐོག་མའི་ཚད་རྡུལ་ཚན་རིག་གི་ཚོད་ལྟའི་འཁོར་སྐར་བདེ་བླག་ངང་ཤར་གཏོང་བྱས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-16


 

                      2016ལོའི་སྤྱི་ཟླ་8པའི་ཚེས་16ཉིན་གྱི་ཆུ་ཚོད་1པོའི་སྐར་མ་40སྟེང་། ཀྲུང་གོའི་ཅིའུ་ཆོན་འཁོར་སྐར་ཤར་གཏོང་ལྟེ་གནས་སུ་ཁྲང་ཀྲེང་ཨང་རྟགས་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་འཛམ་གླིང་སྟེང་གི་ཆེས་ཐོག་མའི་ཚད་རྡུལ་ཚན་རིག་གི་ཚོད་ལྟའི་འཁོར་སྐར་བདེ་བླག་ངང་ཤར་གཏོང་བྱས། ཐེངས་འདིའི་ཚད་རྡུལ་ཚན་རིག་ཚོད་ལྟའི་འཁོར་སྐར་བདེ་བླག་ངང་ཤར་གཏོང་བྱེད་ཐུབ་པ་ལས་རང་རྒྱལ་གྱི་བར་སྣང་སྟོང་བའི་དབྱིངས་ཀྱི་ཚན་རིག་ཞིབ་འཇུག་སྐས་རིམ་གསར་པ་ཞིག་སླེབས་པ་མཚོན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1