ཞི་ཅིན་ཕིང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་ཀའི་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-18


        

      སྤྱི་ཟླ་8པའི་ཚེས་17ཉིན། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལས་ཀའི་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེ་གནང་།  ཁོང་གིས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་ཡིད་ཆེས་བརྟན་པོ་བཅངས་པ། བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས། སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་མཉམ་འབྲེལ། བཟོ་ཚོང་ཤར་གཏོང་། དངུལ་ལོར་བསྡུ་གསོག དམངས་སེམས་གཅིག་གྱུར་ཡོང་བ་བཅས་ལ་དམིགས་ཏེ། གཉིས་ཕན་མཉམ་ལས་དྲ་རྒྱ་དང་རྣམ་པ་གསར་པའི་མཉམ་ལས་རྣམ་པ། ཕྱོགས་མང་མཉམ་ལས་ཀྱི་མཐུན་རྐྱེན་བཅས་བསྐྲུན་དགོས་པར་མ་ཟད། ལག་གདང་སྦྲེལ་ཏེ་ལྗང་མདོག་གི་དར་གོས་ཚོང་ལམ་དང་བདེ་ཐང་གི་དར་གོས་ཚོང་ལམ། རིག་ནུས་ཀྱི་དར་གོས་ཚོང་ལམ། ཞི་བདེའི་དར་གོས་ཚོང་ལམ་བཅས་འཛུགས་སྐྲུན་བྱས་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་འགྲམ་རྒྱུད་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།





 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1