ཞིང་དཔོན་དབྱི་ལི་ཡིས་པེ་ཁྲོན་རྫོང་གི་དབུལ་བྲལ་འགག་སྒྲོལ་ལས་ཀར་དངོས་སྡོད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-18


        སྤྱི་ཟླ་8པའི་ཚེས15ནས་ཚེས17ཉིན་གྱི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྣེ་ཁྲིད་ནས་མེན་དབྱང་གྲོང་ཁྱེར་རུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྟག་དཔྱད་ཞིབ་འཇུག་གནང་སྟེ། པེ་ཁྲོན་རྫོང་གི་དབུལ་བྲལ་འགག་སྒྲོལ་བྱ་བར་དངོས་སྡོད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་།
        ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དེ་ཚན་ཆུང་ལྔ་རུ་བགོས་ནས་པེ་ཁྲོན་རྫོང་གི་དབུལ་ཕོངས་སྡེ་བ་བཅུ་རུ་ཟབ་འཇུག་བྱས་ཏེ། སྐབས་བསྟུན་འཐེན་བཤེར་དང་ཡིག་ཆ་ལ་བརྟག་བཤེར། འདྲི་ཚིག་འདྲི་བ། ཁྱིམ་ཐོ་ལ་ཞིབ་བཤེར་དང་། དབུལ་ཕོངས་ཁྱིམ་ཚང་དང་། སྡེ་བ་རུ་བཅའ་སྡོད་བྱས་ཡོད་པའི་ལས་བྱེད་ཚན་ཁག་གི་ཁོངས་མི་རྣམས་དང་བགྲོ་གླེང་བྱེད་པ་སོགས་བྱེད་ཐབས་བརྒྱུད་ནས། “གཅིག་ལྔ”ཡིས་བྱེད་ཐབས་ཀྱིས་དབུལ་སྐྱོར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། ལོ་ཧྲིལ་བོའི་དབུལ་བྲལ་བྱ་བའི་འཆར་འགོད་རྣམ་གྲངས་དོན་འཁྱོལ་བྱས་པའི་གནས་ཚུལ། ད་ལོར་དབུལ་བྲལ་ཕྱུགས་འགྱུར་ཡོང་བའི་སྡེ་བ་དང་། དབུལ་ཕོངས་ཁྱིམ་ཚང་དབུལ་བྲལ་ཡོང་བའི་རེའི་མིག་བཅས་ཀྱི་སྐོར་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་གནང་། དེ་མིན་དབུལ་ཕོངས་སྡེ་བ་རེ་ལ་སླེབས་སྐབས། དབྱི་ལི་ཡིས་དབུལ་ཕོངས་དུད་ཚང་ལ་བཅར་འདྲི་དང་དབུལ་ཕོངས་དུ་གྱུར་བའི་རྒྱུ་རྐྱེན་ལ་རྒྱུན་ལོན་ཞིབ་ཕྲ་གནང་སྟེ། གྲོང་ཚོ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྤྱི་བའི་ཞབས་ཞུའི་གནས་ཚུལ་བཅས་ལ་རྟག་དཔྱད་ཞིབ་འཇུག་གནང་བ་དང་། དེ་མིན་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཁུངས་གི་འགན་ཁུར་མི་སྣ་དང་། ཞིང་ལས་ལག་རྩལ་མི་སྣ་སོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་གསན་འཇོག་གནང་ནས།དབུལ་སྐྱོར་དབུལ་བྲལ་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་ལ་མཉམ་གཅིག་དུ་གྲོས་བསྡུར་གནང་བ་དང་། ཇི་ལྟར་བྱས་ནས་དོན་དངོས་ཐོག་ཏུ་ཐོན་ལས་འཕེལ་རྒྱས་ཀྱིས་དབུལ་བྲལ་ཡོང་བར་འདེགས་སྐྱོར་བྱེད་པའི་སྐོར་གྱི་ཐབས་ཤེས་འཚོལ་བསྡུ་བྱས་ཤིང་། དབུལ་ཕོངས་ས་ཁུལ་དུ་སྐྱེས་པར་སྐྲག་མི་དགོས། འོན་གྱང་སྒྱིད་ལུག་རྣམ་གཡེང་བྱེད་པར་ཧ་ཅང་སྐྲག་ཅེས་པའི་སྦྱར་ཡིག་འདི་མཐོང་སྐབས་། དབྱི་ལི་ཡིས་དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་ལ་བསྟོན་བསྔགས་མཛད། ཁོང་སྔ་རྗེས་སུ་དབུལ་ཕོངས་དུད་ཚང་10ལྷག་གི་ཁྱིམ་དུ་ཕེབས་ནས། དོན་དངོས་ཐོག་ཏུ་སྡོད་ཁང་གི་བདེ་འཇགས་ལ་ལྟ་བ་དང་། ཡུལ་མི་རྣམས་དང་མཉམ་གཅིག་དུ་ཁྱིམ་ཚང་གི་ཡོང་འབབ་བརྩི་བ་དང་། ཡུལ་མི་རྣམས་ཀྱིས་དབུལ་བྲལ་ཕྱུགས་འགྱུར་ཡོང་བའི་བརྩོན་སེམས་རང་བཞིན་ལ་བསྟོན་བསྔགས་བྱས་ཏེ། རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་གསར་སྐྲུན་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1