སྡེ་དགེ་རྫོང་གིས་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ། དབྱངས་ཅན།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། དབྱངས་ཅན་གྱིས་བསྒྱུར། སྤེལ་དུས། 08-26


    ད་ལོར་སྡེ་དགེ་རྫོང་གིས་འཆར་འགོད་གཞི་ཁྱོན་ཆེ་ཞིང་།ཚབ་བྱེད་རང་བཞིན་ལྡན་པ་དང་ཕན་འབྲས་མངོན་གསལ་ཡིན་པའི་བླང་བྱ་ལྟར། མ་དངུལ་སྒོར་ཁྲི37714གཏོང་འཇོག་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་ཆེ་གྲས21ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད།  དེའི་ནང་མ་དངུལ་སྒོར་ཁྲི5505གཏོང་འཇོག་བྱས་ཏེ་སོན་སྨྱུག་འདེབས་འཛུགས་བྱེད་སའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། ནགས་ཚལ་མེ་འགོག་བཀོད་འདོམས་ལྟེ་གནས་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ། རང་བྱུང་སྲུང་སྐྱོང་ས་ཁུལ་དང་རློན་སའི་ལྟ་སྐུལ་ཚད་ལེན། ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚུགས་བཅས་འཛུགས་སྐྲུན་བྱ་རྒྱུ། ནགས་ཚལ་སྤྱི་བདེ་དང་ནགས་ལས་སྤྱི་བདེ་མངག་གཏོང་ཁང་འཛུགས་སྐྲུན་བྱ་རྒྱུ། རྨང་གཞིའི་ནགས་ལས་ལས་སྒྲུབ་ས་ཚུགས་འཛུགས་སྐྲུན་བྱ་རྒྱུ་སོགས་རྨང་གཞིའི་སྒྲིག་ཆས་རིགས་ཀྱི་ལས་གཞི10ལག་བསྟར་བྱ་རྒྱུ་དང་། མ་དངུལ་སྒོར་ཁྲི31309གཏོང་འཇོག་བྱས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་ཨར་ལས་དང་། རྨོ་བསྐྱུར་ནགས་སྤེལ་དང་རི་རྒྱ་བཀག་བསྡོམས། བྱེ་འགོག་བྱེ་བཅོས། རློན་ས་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ས་ཁུལ་བཅས་འཛུགས་སྐྲུན་བྱ་རྒྱུ།  རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོའི་སྔོ་ལྗང་ས་རྒྱུད་འཛུགས་སྐྲུན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ལྗང་འགྱུར་བྱ་རྒྱུ། ནགས་ཚལ་མེ་འགོག་དང་ནགས་ཚལ་གྱི་ནད་འབུའི་གནོད་སྐྱོན་སྔོན་འགོག་སོགས་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་རིགས་ཀྱི་ལས་གཞི10ལག་བསྟར་བྱ་རྒྱུ། མ་དངུལ་སྒོར་ཁྲི900གཏོང་འཇོག་བྱས་ཏེ་ནགས་ལས་ཐོན་ལས་རིགས་ཀྱི་ལས་གཞི(གངས་ཅན་འོ་སེར་ཇ)ཡི་ལས་གཞི1བཅས་ལག་བསྟར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1