རང་རེའི་ཞིང་ཆེན་ལ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་3ཇེ་མང་དུ་སོང་ཡོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-30


  

     ཉེ་སྔོན།  རྒྱལ་ཁབ་ནགས་ལས་ཐིང་གིས་གསར་དུ་བསྒྲགས་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་མཚན་བྱང་ནང་།  རང་རེའི་ཞིང་ཆེན་གྱི་ ཏཱ་ཝ་ཧྲན་རི་བོ་དང་། པོའོ་ལིན་མཚེའུ། མཛོད་དགེ་གསུམ་མཚན་བྱང་ནང་དུ་ཚུད་ཡོད།  གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་འདམ་ར་སྲུང་སྐྱོང་ལྟེ་གནས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཏཱ་ཝ་ཧྲན་རི་བོ་དང་། པོའོ་ལིན་མཚེའུ། མཛོད་དགེ་བཅས་རྒྱལ་ཁབ་ཀྱི་ཚོད་ལྟའི་འདམ་རའི་སྤྱི་གླིང་3ཉིན་ཤས་གོང་དངོས་སུ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དེས་སི་ཁྲོན་ལ་རྒྱལ་ཁབ་འདམ་རའི་སྤྱི་གླིང་3མང་དུ་ཕྱིན་པ་མཚོན་ལ། མིག་སྔར་སི་ཁྲོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པའི་རྒྱལ་ཁབ་ཀྱི་ཚོད་ལྟའི་འདམ་རའི་སྤྱི་གླིང་6ཡོད་པ་མཚོན་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1