ཟླ་བཅུ་གཅིག་པའི་ཟླ་སྨད་ལ་དབུལ་ཕོངས་སྡེ་བ་རེ་ལ་ཞིང་བའི་མཚན་མོའི་སློབ་གྲྭ་གཅིག་རེ་གཉེར་རྒྱུ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-30


        ཉེ་ཆར།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བོད་ཁུལ་དང་ལིའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ་གྱི་དབུལ་ཕོངས་སྡེ་བ་རུ་ཞིང་བའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་།  མཚན་མོའི་སློབ་གྲྭ་སྒྲུབ་གཉེར་བྱེད་པའི་ཐད་ཀྱི་འབྲེལ་ཡོད་ཀྱི་དོན་དག་ཁག་ལ་བླང་བྱ་གསལ་བོར་བཏོན་ཡོད་པ་རེད།  སྔར་ལས་ལེགས་པའི་སྒོ་ནས་མི་རིགས་ས་ཁུལ་དུ་གནད་སྨིན་དབུལ་སྐྱོར་དང་།  གནད་སྨིན་དབུལ་བྲལ་ཡོང་བར་ཞབས་ཞུ་སྒྲུབ་ཆེད།  རང་རེའི་ཞིང་ཆེན་གྱིས་ས་གནས་དང་མི་སྣ།  སྒྲིག་ཆས། དགེ་རྒན། སློབ་དེབ། ལམ་ལུགས། བྱེད་སྒོ་སོགས་འཛོམས་པའི་བདུན་ཡོད་ཀྱི་ཚད་ཐིག་ལྟར།  རྒྱང་རིང་སློབ་གསོ་ཡིས་དབུལ་སྐྱོར་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་ལག་བསྟར་བྱས་ནས།  བོད་རིགས་ས་ཁུལ་དང་ལིའང་ཧྲན་ཆེ་ཆུང་དབྱིས་རིགས་ས་ཁུལ་གྱི་དབུལ་ཕོངས་སྡེ་བ་རེ་རེ་ལ་ཞིང་བའི་མཚན་མོའི་སློབ་གྲྭ་གཅིག་རེ་འཛུགས་རྒྱུ། མཚན་མོའི་སློབ་གྲྭས་དགོང་མོའི་དུས་ཚོད་དང་ཁོམ་སྐབས་སོགས་ཀྱི་ཆུ་ཚོད་བཀོལ་ནས་དབུལ་བྲལ་གསོ་སྦྱོང་བྱས་ཏེ།  ས་གནས་མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་ལ་རྒྱུས་ལོན་དང་།  དབུལ་བྲལ་ཡོང་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཐོག   ཞིང་ལས་ལག་རྩལ་ཁོངས་དུ་ཆུད་པ་དང་།  ངལ་རྩོལ་ནུས་ཤུགས་མཐོར་འདེགས་གཏོང་བ།  སྤྱི་སྐད་སློབ་སྦྱོང་དང་སྤྱོད་ཚུལ་བཟང་བོ་ཆགས་པར་རོགས་རམ་བྱ་རྒྱུ་རེད།   
        བརྡ་ཐོ་ལས་གཞི་རྩའི་ཐོག་དུ་ཟླ་དགུ་བའི་ཟླ་སྨད་དུ་བྱང་བུ་དང་ཡིག་ཚགས་བཟོས་པའི་བརྒྱ་ཆ་སུམ་བཅུ་ཡན་གྱི་དབུལ་ཕོངས་སྡེ་བ་རུ་མཚན་མོའི་སློབ་གྲྭ་འཛུགས་པར་བྱ་རྒྱུ་དང་།  ད་ལོའི་ཟླ་བཅུ་གཅིག་པའི་ཟླ་སྨད་ཀྱི་སྔོན་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་བར་བྱ་རྒྱུ།  མཚན་མོའི་སློབ་གྲྭའི་ལོ་རེར་ས་གནས་ཀྱི་དབུལ་ཕོངས་དུད་ཚང་ཡོངས་ལ་དབུལ་བྲལ་ཕྱུགས་འགྱུར་ཡོང་བའི་ལག་རྩལ་སྐོར་ནས་གསོ་སྦྱོང་བྱས་ཏེ།  ཆ་རྐྱེན་འཛོམས་པའི་དབུལ་ཕོངས་དུད་ཚང་མང་ཆེ་བ་ཡིས་ལག་རྩལ་ནུས་པ་གཅིག་ནས་གཉིས་བར་ཁོངས་དུ་ཆུད་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1