སྐབས་དང་པོའི་གདོང་སྣ་ས་པཎ་རིག་གཞུང་འཚོལ་བསྡུ་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།བོད་ཀྱི་རིག་གནས་དྲ་བ། སྤེལ་དུས། 08-31


 

    ཉེ་ཆར། མཚོ་སྔོན་ཞིང་ཆེནམཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ནས་སྐབས་དང་པོའི་གདོང་སྣ་ས་པཎ་རིག་གཞུང་འཚོལ་བསྡུ་ཚོགས་འདུ་འཚོགས། ཁྲི་ཀ་རྫོང་རིག་གནས་ཅུས་དང་ཁྲི་ཀ་གདོང་སྣ་རིག་གནས་ཀུན་འདུས་གླིང་གཉིས་ཀྱིས་ཁྲི་ཀའི་ཡུལ་སྐོར་རིག་གནས་ཐོན་ལས་རྒྱ་ཆེར་སྤེལ་བ་དང་ས་གནས་རིག་གནས་སྔོག་འདོན་དང་འཚོལ་སྡུད་ལ་ཤུགས་སྣོན་བྱ་ཆེད། རིག་གནས་ལོ་རྒྱུས་ཆེད་མཁས་པ་20ལྷག་ཁྲི་ཀ་རུ་འདུས་ཏེ། ཁྲི་ཀའི་ལྗོངས་རྒྱུའི་གནས་ཆེན་གདོང་སྣ་ཐུགས་རྗེ་ཆེན་པོ་སོགས་ཡུལ་དངོས་སུ་ཕྱིན་ཏེ་རིག་གནས་འཚོལ་སྡུད་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། ཁྲི་ཀའི་ས་པཎ་རིག་གཞུང་འཚོལ་བསྡུའི་སྐོར་ལ་བགྲོ་གླེང་བྱས། 

   རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། 《སྦྲང་ཆར།》རྕོམ་སྒྲིག་ཁང་གི་གཙོ་སྒྲིག་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་འགོ་འཛིན་བྱས་ཤིང་། 《བོད་ཀྱི་དམངས་སྲོལ་རིག་གནས།》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་བཀའ་མ་མཁའ་འབུམ་དང་རང་སྒྲ་རྣམ་གཉིས་ཀྱིས་ཁྲི་ཀའི་གདོང་སྣ་ས་པཎ་རྟེན་མཛོད་ཁང་གི་རྒྱུ་ཆ་འཚོལ་བསྡུའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1