རྒྱལ་ཁབ་20ཚོགས་པའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་སུ་བསྐྱོད་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཧང་ཀྲོའུ་དྲ་བ། སྤེལ་དུས། 09-02



        སྤྱི་ཟླ་9ཚེས་4ཉིན་ནས་ཚེས་5ཉིན་བར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་(G20)ཐེངས་བཅུ་གཅིག་པ་དེ་ཀྲུང་གོའི་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོག་རྒྱུ་རེད།

        ཧང་ཀྲོའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་གསར་འགྱུར་ལྟེ་གནས་བཙུགས་ཏེ་འདི་ནི་ཆ་འཕྲིན་ཁྱབ་བསྒྲགས་དང་གསར་འགོད་པའི་ལས་ཀ་བྱེད་ས་གཙོ་བོ་ཡིན་ཞིང་། ལྟེ་གནས་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་11000ཡོད་པ་དང་། ལས་ཀ་བྱེད་ས་འདིའི་ནང་རིན་པ་མི་དགོས་པའི་སྐུད་མེད་དྲ་རྒྱས་ཁེབས་ཡོད། ཟླ་9ཚེས་1ཉིན་ནས་ཟླ་9ཚེས་6ཉིན་བར་གསར་འགྱུར་ལྟེ་གནས་ཀྱི་སྒོ་འབྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1