ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-05


              སྤྱི་ཟླ་9པའི་ཚེས་2ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀའི་ཚན་ཆུང་གི་གཙོ་ཁྲིད་བྱས་པའི་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱིས་ཟླ་བ་8ཙམ་གྱི་རིང་གིས་དབུལ་གྲོལ་འགག་སྒྲོལ་དང་དབུལ་ཕོངས་གྲོང་ཚོའི་ལྟ་སྐུལ་ཞིབ་དཔྱོད་གནང་པའི་མཛུབ་སྟོན་གྱི་སྐོར་དང་། ཞིང་ཆེན་ནང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་དབུལ་བྲལ་འགག་སྒྲོལ་ལ་དམིགས་ཏེ་སྒྲིག་ཁྲིམས་ཞིབ་དཔྱོད་གྱི་ལས་ཀར་ཤུགས་སྣོན་བྱ་དགོས་པ་དང་། ཏང་འཛུགས་སྐྲུན་དང་རྩ་འཛུགས་ཀྱི་ལས་ཀར་ཤུགས་སྣོན་པ། བསམ་བློའི་རིག་གནས་ལ་ཤུགས་སྣོན་དགོས་པའི་གནས་བབ་ཀྱི་སྐོར་ནས་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
         ཚོགས་ཐོག་ཏུ་ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོའི་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀ་རབ་དང་རིམ་པ་ཐག་གཅོད་བཀོད་སྒྲིག་དང་། སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྟེ་བར་ཁ་གཏད་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པར་དམིགས་ནས། ནན་ཏན་གྱི་བྱ་བ་བསྒྲུབ་པ་དང་དངོས་ཡོད་ཀྱི་སྤྱོད་ཚུལ་སྒོས་འགན་ཁུར་ཕྲག་དུ་འཁུར་སྟེ། དོན་དངོས་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་མང་པོ་ཤིག་བསྒྲུབས་ཡོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1