2016ལོའི་རྒྱལ་ཁབ་20ཚོགས་པའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-05


          སྤྱི་ལོ་2016ལོའི་རྒྱལ་ཁབ་20ཚོགས་པའི་བཟོ་ཚོང་ལས་རིགས་ཀྱི་མཐོ་རིམ་གྲོས་ཚོགས་གི་རྣམ་གྲངས་སོ་སོའི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་སྟེ། ཚེས་4ཉིན་གྱི་ཉིན་གུང་དུ་ཀྲེ་ཅང་ཧང་ཀྲུའུ་རུ་མཇུག་སྒྲིལ།ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཐོག་ཏུ་སྤྱི་ལོ་2016ལོར་རྒྱལ་ཁབ་20ཚོགས་པའི་བཟོ་ཚོང་ལས་རིགས་ཀྱི་མཐོ་རིམ་གྲོས་ཚོགས་གིས་སྲིད་ཇུས་ཀྱི་བསམ་འཆར་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པས་མིག་སྔར་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་དཀའ་གནད་དང་གནད་དོན་སོགས་ཀྱི་སྐོར་ནས་ཞིབ་འཇུག་བགྲོ་གླེང་གནང་ཤིང་། མི་1100ལ་ཉེ་བ་ཙམ་ཧང་ཀྲུའུ་རུ་འཛོམས་ནས་རྒྱལ་ཁབ་20ཚོགས་པའི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཀྱི་ཁོངས་མིའི་འགོ་ཁྲིད་མི་སྣ་དང་བགྲོ་གླེང་བྱས་ཏེ། ངོས་འཛིན་གཅིག་མཐུན་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྤྱི་ལོ་2016ལོར་རྒྱལ་ཁབ་20ཚོགས་པའི་བཟོ་ཚོང་ལས་རིགས་ཀྱི་མཐོ་རིམ་གྲོས་ཚོགས་གིས་སྲིད་ཇུས་བསམ་འཆར་གྱི་སྙན་ཞུའི་ཁྲོད་དུ་སྲིད་ཇུས་བསམ་འཆར་གལ་ཆེན་གྱི་གྲོས་གཞི་20དང་བྱེད་ཐབས་76ལག་བསྟར་བྱས། དེའི་ཁྲོད་དུ་ཐོག་མར་རིག་སྟོབས་ཀྱིས་གསར་གཏོད་བྱེད་པའི་གྲོས་འགོ་དང་ལྗང་མདོག་འཕེལ་རྒྱས་སུ་གཏང་བའི་དངུལ་རྩའི་ཁྲོམ་ར། འཛམ་གླིང་གི་གློག་རྡུལ་ཉོ་ཚོང་གི་བརྗེ་རེས་སྟེགས་བུ་བསྐྲུན་པ་སོགས་ཀྱི་སྐོར་ནས་གྲོས་གཞི་བཏོན། དེ་མིན་དུས་སྐབས་སྔོན་མའི་རྒྱལ་ཁབ་20ཚོགས་པའི་བཟོ་ཚོང་ལས་རིགས་ཀྱི་མཐོ་རིམ་གྲོས་ཚོགས་གིས་དོ་སྣང་བྱེད་བཞིན་པའི་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གསོག་འཇོག་དང་། སྲིད་ཇུས་ཀྱི་བསྟུན་མཁས་རང་བཞིན་གྱིས་ཁེ་ལས་ཆུང་འབྲིང་རིགས་འཕེལ་རྒྱས་གཏང་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་་གནད་དོན་ཐད་དུ་བྱེད་ཐབས་གསར་བ་བཏོན་ནས། འཐུས་ཚབ་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་ཐོབ།
       མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཨ་ཀེན་ཐིན་གིས་ཙུང་ཐུང་མ་ཁི་ལི་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ།ཨོ་སི་ཁྲི་ལི་ཡ་ཡི་ཙུང་ལི་ཐི་ཨུན་པུའུ་ཨར། ཁ་ན་ཏ་ཡི་ཙུང་ལི་ཐི་ལོའུ་ཏའོ། དེ་མིན་རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩ་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། འཛམ་གླིང་ཉོ་ཚོང་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་རིགས་འཕེལ་རྒྱས་ཀྱི་རྩ་འཛུགས་དང་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་གི་འབྲེལ་ཡོད་ཀྱི་གྲོས་བསྡུར་ཁག་གི་ཁྲོད་དུ་བཞུགས་པར་མ་ཟད། བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པ་རྣམས་དང་གཏམ་བཤད་བགྲོ་གླེང་གནང་།
          རྒྱལ་ཁབ་20ཚོགས་པས་ཕྱོགས་སོ་སོའི་མཉམ་ལས་བྱེད་ཤུགས་ལ་ཤུགས་སྣོན་དང་བཅོས་བསྒྱུར་བྱེད་པར་སྐུལ་འདེད། འཕར་སྣོན་ཡོང་བར་སྐུལ་སྤེལ་བཅས་བྱས་པ་དང་། སྲིད་གཞུང་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཤུགས་སྣོན་དང་། མ་འཇོག་གི་ཁོར་ཡུག་ལེགས་པོ་ཤིག་བསྐྲུན་པ། སློབ་གསོའི་ཐད་མ་འཇོག་དང་ལག་རྩལ་གསར་སྦོལ་སོགས་བྱེད་ཐབས་ལ་ཤུགས་བསྣན་ཏེ།གསར་སྐྲུན་དང་མཉམ་འགུལ། ཁོངས་ཡངས་གིས་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་པར་མཉམ་གཅིག་ཏུ་འབད་བརྩོན་བྱ་དགོས་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1