ཞི་ཅིན་ཕིང་གིས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-14


        སྤྱི་ཟླ་9པའི་ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་།

        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་45འགོར་བའི་རིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་བ་འཛིན་པ་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཁེ་ཕན་བསྐྲུན་པ་དང་འཛམ་གླིང་གི་བརྟན་བརླིང་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་བསྟན། 

        ཁུའུ་ཆིན་སི་ཅི་ཡིས་ཕེ་རུ་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་མཉམ་དུ་དཔལ་འབྱོར་དང་མི་ཆོས་སོགས་ཐད་ནས་འབྲེལ་འདྲིས་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ས་གནས་ཀྱི་དཔལ་འབྱོར་བཅོས་སྐྱོང་དང་སྤྱི་པའི་ལས་གཞི་འཛུགས་སྐྲུན་ཕྱོགས་ནས་བརྗེ་རེས་བྱེད་པར་ཤུགས་སྣོན་བྱས་ཤིང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དངུལ་གཏོང་། འཕྲོད་བསྟེན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་བཏང་ནས། ཕེ་རུ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1