2016ལོར་སི་ཁྲོན་གྱི་སྐབས་དང་པོའི་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་འགོ་ཚུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-08


       ཉེ་སྔོན། སི་ཁྲོན་ཏུ་དྲ་བ་ཡོངས་སུ་ཁེབས་པ་དང་། ཚོང་ཟོག་གོ་ལ་ཡོངས་སུ་ཁྱབ་པར་བྱེད་བརྗོད་བྱ་གཙོ་བོ་བྱས་པའི་2016ལོའི་སི་ཁྲོན་གྱི་སྐབས་དང་པོའི་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་གྱི་འགྲེམ་སྟོན་ཚོགས་འདུ་དེ་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་ཚོང་ཟོག་གྲོང་ནས་འགོ་ཚུགས་པ། འགྲེམ་སྟོན་ཚོགས་འདུ་ཐོག་ཏུ་གྲོང་ཁྱེར་དང་ཁུལ་21གི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་ཁེ་ལས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་ནས་འགྲེམ་སྟོན་བྱས་ཏེ། གློག་རྡུལ་ཚོང་དོན་གྱི་གོང་འོག་ཚང་མའི་བར་ཕན་ཚུན་འབྲེལ་མཐུད་བྱེད་སའི་སྟེགས་བུ་ཞིག་བཙུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུས་ཏུང་འགྲེམ་སྟོན་གྲོས་ཚོགས་ཐོག་ཏུ་བཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1