ཝང་ཏུང་མིང་དང་དབྱི་ལི་རྣམ་གཉིས་ཀྱིས་ཧྭ་ཏེན་ཚོགས་པའི་ཀུང་སིའི་འགན་འཛིན་པ་ཀྲའོ་ཅན་གོ་ལ་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-08


           ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གཉིས་ཀྱིས་ཁྲེན་ཏུའུ་ནས་སི་ཁྲོན་ཏུ་རྟག་དཔྱད་ཞིབ་འཇུག་ཏུ་ཕེབས་པའི་ཧྭ་ཏེན་ཚོགས་པའི་ཀུང་སིའི་འགན་འཛིན་པ་ཀྲའོ་ཅན་གོ་དང་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་།
            ཝང་ཏུང་མིང་གིས་རང་རེའི་ཞིང་ཆེན་གྱི་ནུས་ཁུངས་འཕེལ་རྒྱས་དང་ལྷག་པར་དུ་ནུས་རྒྱུ་གཙང་མ་གསར་སྦོལ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཚུལ་སྐོར་ནས་ངོ་སྤྲོད་གནང་བ་དང་། ཀྲའོ་ཅན་གོ་ཡིས་ཧྭ་ཏེན་མཐུན་ཚོགས་གི་ཀུང་སིའི་བདག་གཉེར་དང་འཕེལ་རྒྱས། དེ་མིན་སི་ཁྲོན་དུ་མ་དངུལ་གཏོང་བའི་སྤྱིའི་གནས་ཚུལ་སྐོར་ནས་ངོ་སྤྲོད་གནང་སྟེ། ཕྱོགས་གཉིས་ཀྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྦོལ་དང་ཕྱི་ཕྱོགས་སུ་སྐྱེལ་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དང་སི་ཁྲོན་དབུལ་སེལ་འགག་སྒྲོལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་སྐོར་ནས་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ནས་བསམ་ཚུལ་བརྗེ་རེས་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1