སི་ཁྲོན་རིག་གནས་རང་འདུན་པ་བོད་ལྗོངས་སུ་བསྐྱོད་པའི་མུ་འབྲེལ་རིག་གནས་བྱེད་སྒོ་ལྷ་ས་སོགས་སུ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའ་རིག་གནས་དྲ་བ། སྤེལ་དུས། 10-12


        སྤྱི་ཟླ་10པའི་ཚེས་7ནས་ཚེས་12ཉིན་བར། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་བྱས་པའི་2016ལོའི་རིག་གནས་པུའུ་ཡི་དཔྱིད་ཆར་ལས་གཞི་ཞེས་པའི་སི་ཁྲོན་རིག་གནས་རང་འདུན་པ་བོད་ལྗོངས་སུ་བསྐྱོད་པའི་མུ་འབྲེལ་རིག་གནས་བྱེད་སྒོ་ལྷ་ས་དང་གཞིས་ཀ་རྩེ། ཉིང་ཁྲི་སོགས་སུ་སྤེལ། 
        སྤྱི་ཟླ་10པའི་ཚེས་9ཉིན། རང་འདུན་པ་རྣམས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམ་སྟེགས་ཆེན་མོ་དང་འཆད་ཁྲིད་ཆེན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཡུལ་མི་བརྒྱ་ཚོ་དང་རིག་རྩལ་དགའ་ཞེན་ཅན་ཟབ་ཞུགས་བྱས། བྱེད་སྒོའི་སྐབས་སུ་སྐབས་གཉིས་པའི་སི་ཁྲོན་ཞིང་ཆེན་མང་ཚོགས་རིག་རྩལ་མཛེས་རྩལ་དང་བྲིས་གཟུགས། པར་ལེན་འགྲེམ་སྟོན་བོད་ལྗོངས་སུ་སྤེལ་ཏེ། རང་ཞིང་གི་མཛེས་རྩལ་དང་བྲིས་གཟུགས། རི་མོ། པར་ལེན་ཁྱབ་ཁོངས་ཀྱི་ཚབ་མཚོན་རང་བཞིན་ཅན་གྱི་གསར་གཏོད་མི་སྣའི་མི་རིགས་ཁྱད་ཆོས་ལྡན་པའི་བརྗོད་དོན་བརྩམས་ཆོས་འགྲེམ་སྟོན་བྱས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1