ཞི་ཅིན་ཕིང་རྒྱལ་ཡོངས་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་ལས་ཀའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-12


        སྤྱི་ཟླ་10པའི་ཚེས་10ནས་ཚེས11བར་རྒྱལ་ཡོངས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གིས་རྒྱལ་དབང་ཁེ་ལས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་བརྒྱུད་རྒྱལ་དབང་ཁེ་ལས་དེ་ཏང་དང་རྒྱལ་ཁབ་ཀྱིས་ཡིད་ཆེས་རུང་བའི་སྟོབས་ཤུགས་སུ་འགྱུར་བར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱ་དགོས་ལ། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱེད་པ་དང་། ཕྱིར་ལོག་པའི་འཐ་བཇུས་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་དག་ལག་བསྟར་བྱེད་པའི་སྟོབས་ཤུགས་སུ་འགྱུར་དགོས། དེ་མིན་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པའི་སྟོབས་ཤུགས་གཙོ་བོར་འགྱུར་དགོས་པར་མ་ཟད། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་གལ་ཆེན་ཡང་ཡིན། རྒྱལ་དབང་མ་རྩའི་རིན་འཕར་ལ་འགན་སྲུང་བྱེད་པ་དང་རྒྱལ་དབང་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། རྒྱལ་དབང་མ་རྩའི་ནུས་པ་ཇེ་ཆེར་གཏོང་བ་བཅས་ལ་ཕན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བདག་གཉེར་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྒྱལ་དབང་མ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ནས་བློ་བརྟན་འགྱུར་མེད་སྒོས་རྒྱལ་དབང་ཁེ་ལས་སྔར་ལས་སྟོབས་ལྡན་དུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1