ལི་ཁེ་ཆང་ཀྲུང་གོ་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བཟོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་སྐབས་ལྔ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-12


        སྤྱི་ཟླ་10པའི་ཚེས་11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་གོ་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བཟོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་སྐབས་ལྔ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།  
        ལི་ཁི་ཆང་གིས་ཀྲུང་གོ་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བཟོ་ཚོང་མཉམ་ལས་གླེང་སྟེགས་དེ་སྐད་ཡིག་རིག་གནས་སྦྲེལ་ཐག་ཏུ་བྱས་ཤིང་དཔལ་འབྱོར་བཟོ་ཚོང་མཉམ་ལས་བརྗོད་དོན་དུ་བཟུང་བ་དང་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པ་དམིགས་འབེན་དུ་བཟུང་ནས་ཨོ་མིན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གླེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། འདིས་ཀྲུང་གོ་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད་པར་མ་ཟད། མ་འོངས་པར་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་ངེས། ཀྲུང་གོ་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པར་མ་ཟད། སོ་སོས་རྒྱལ་སྤྱིའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲོས་གཞི་དང་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་བཞིན་པའི་རྒྱལ་ཁབ་མང་པོའི་འཕེལ་རྒྱས་ཀྱི་འཆར་འགོད་ཤིན་ཏུ་མཐུན་པ་རེད། ཀྲུང་གོའི་ཕྱོགས་ནས་ཕོར་ཐུ་གལ་གྱི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་དག་དང་ལྷན་དུ་བཟོ་ཚོང་འབྲེལ་བ་སྔར་ལས་སྲ་བརྟན་དང་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་དུས་རིམ། རིག་གནས་རྒྱབ་ལྗོངས་བཅས་མི་འདྲ་བའི་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་སྟོན་བསྐྲུན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1