རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལོ་ངོ་20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།ཞིན་ཧ་གསར་འགྱུར་དྲ་བ། སྤེལ་དུས། 10-12


            《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས། 》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་ངོ་20ལོན་པའི་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་9ཉིན་པེ་ཅིན་ནས་འཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཧྲེང་ཅུན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་ཡོངས་རྒན་རྒོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཡུང་གྲོས་ཚོགས་ལ་ཞུགས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་།
             ཚོགས་ཐོག་ཏུ། རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་གྱུར་ཚད་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། མི་འབོར་རྒན་རྒོན་ཅན་ལ་ཁ་གཏོད་དཀའ་བ་དང་ཚད་ཆེ་བའི་ལས་འགན་ཆེན་པོ་ཡིན་པས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ཏེ། མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། རང་རྒྱལ་དེ་ཉིད་རྒན་རྒོན་ཅན་ཚབས་ཆེར་གྱུར་བར་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་གོ་སྐབས་ཐོབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། རྒན་རྒོན་གྱི་བྱ་གཞག་གོང་འཕེལ་གཏང་རྒྱུ་དེ་སྔར་ལས་ཁྲིམས་སྐྱོང་ལམ་བུའི་ཐོག་བཞག་ནས་རྒན་རྒོན་གྱི་ཁེ་དབང་འགན་སྲུང་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1