<<རྩྭ་ཐང>>ཞེས་པའི་བྱུང་བརྗོད་གློག་བརྙན་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



       ཨ་མ་མཚོ་མོས་ཚེ་ཐར་བཏང་བའི་འབྲི་མོ་དེ་རྐུན་མས་བརྐུས་ན་ཡང་། ཁོ་མོས་སེམས་ཁུར་བྱེད་ས་ནི་འབྲི་མོ་མ་ཡིན་པར་འབྲི་མོ་རྐུ་མཁན་གྱི་རྐུན་པོ་དེ་ཉིད་ཡིན། ཁོ་མོས་གལ་ཏེ་རྐུན་པོ་མི་གཞན་གྱིས་འཛིན་བཟུང་བྱས་ན་ཅི་ལྟར་བྱེད་ཅེས་ཟོལ་མེད་ཀྱི་ལྷག་སེམས་ཞིག་གིས་རང་ཉིད་ཀྱིས་ཚེ་ཐར་དུ་བཏང་བའི་འབྲི་མོ་ཡང་ཡེ་ནས་འཚོལ་འདོད་མེད་པར་གྱུར། མ་ཎི་ཡིག་དྲུག་ངག་ལས་གྱེར་ཐེངས་རེ་དང་། མནའ་ཚིག་ལྡོག་ལྡོག་ཁ་ནས་བསྐྱལ་ཐེངས་རེར། རླུང་རྟ་རེ་རེ་མཁའ་ལ་སྤར་ཐེངས་རེ་རེར་རྩྭ་ཐང་དུ་འཚོ་བའི་མི་རྣམས་ཀྱི་བརྩེ་སེམས་དང་སྙིང་རྗེ།བློ་དཀར་ཞིང་དཀྱིལ་ཡངས་བ། དུས་དང་རྣམ་པ་ཀུན་ཏུ་དགེ་བའི་ལས་ལ་བརྩོན་པའི་མི་གཤིས་བཟང་པོ་མ་བརྗོད་རང་བཞིན་གྱིས་གསལ་བོར་མངོན་པས།རྩྭ་ཐང་དུ་འཚོ་བའི་མི་རྣམས་ཀྱི་བསམ་པ་ནི་བྱ་རྒོལ་ཐང་དཀར་གྱི་གཤོག་རྩལ་བཞིན་མུ་མཐའ་མེད་པའི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་པ་ཞིང་ཆེན་པོ་དེ་ལས་མ་འདས་སོ།།


རྩོམ་ཡིག་སྔོན་མ།
འཚོལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1