རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི120.43ལ་སྣེ་ལེན་བྱས།

ཡེ་མགོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 10-13


        སྤྱི་ཟླ10པའི་ཚེས8ཉིན། གསར་འགྱུར་ཐོ་འགོད་པས་དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱས་པར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མི་ཁྲི་120.43སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་12.42ལ་ཟིན་པར་བརྟེན། དུས་མཉམ་དང་བསྡུར་ན་ཁག་བགོས་ཏེ་བརྒྱ་ཆ་45.34དང་བརྒྱ་ཆ་35.26འཕར་བ་རེད། སྒོ་འཛིན་ཡོང་འབབ་སྒོར་ཁྲི་1856.04མངོན་འགྱུར་བྱུང་བས་དུས་མཉམ་ལས་བརྒྱ་ཆ་26.52འཕར་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་ཤར་རྒྱུད་ས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་47.36སྣེ་ལེན་བྱས་ནས་ཁུལ་ཡོངས་ལས་བརྒྱ་ཆ་39.33ཟིན་པ་རེད།  བྱང་རྒྱུད་ས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་53.29སྣེ་ལེན་བྱས་ནས་ཁུལ་ཡོངས་ལས་བརྒྱ་ཆ་45.25ཟིན་པ་རེད། ལྷོ་རྒྱུད་ས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་19.78སྣེ་ལེན་བྱས་ཏེ་ཁུལ་ཡོངས་ལས་བརྒྱ་ཆ་16.42ཟིན་པ་རེད།  དེའི་ནང་དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་21.18སྣེ་ལེན་བྱས་པས་དུས་མཉམ་ལས་བརྒྱ་ཆ་11.26འཕར་བ་རེད། འདབ་པ་རྫོང་གིས་ཡུལ་སྐོར་འགྲུལ་པ་ཁྲི་13.53སྣེ་ལེན་བྱས་པས་དུས་མཉམ་ལས་བརྒྱ་ཆ་10.25འཕར་བ་རེད། རོང་བྲག་རྫོང་གིས་ཡུལ་སྐོར་འགྲུལ་པ་ཁྲི་7.45སྣེ་ལེན་བྱས་པས་དུས་མཉམ་ལས་བརྒྱ་ཆ་13.57འཕར་བ་རེད། ལྕགས་ཟམ་རྫོང་གིས་ཡུལ་སྐོར་འགྲུལ་པ་ཁྲི་5.83སྣེ་ལེན་བྱས་ཡོད་པས་དུས་བརྒྱ་ཆ་27.20འཕར་བ་རེད། གཙོ་གནད་ལྗོངས་ཁུལ་དུང་དཀར་ལུང་པས་ཡུལ་སྐོར་འགྲུལ་པ་ཁྲི་12.53སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་305.37མངོན་འགྱུར་བྱུང་བ་རེད། མི་རྒོད་མཚོའི་ལྗོངས་ཁུལ་གྱིས་འགྲུལ་པ་ཁྲི་3.29སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་288.59མངོན་འགྱུར་བྱུང་བ་རེད། རོང་བྲག་བརྒྱ་གཅིག་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་2.39སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་114.62མངོན་འགྱུར་བྱུང་ཡོད། འདབ་པ་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་ཁྲི་5.12སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་635.35མངོན་འགྱུར་བྱུང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1