ཞི་ཅིན་ཕིང་གིས་སིང་གྷ་ལའི་སྲིད་འཛིན་ཞི་ལི་སད་ན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-17


 
        སྤྱི་ཟླ་10པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ཨ་ནས་སིང་གྷ་ལའི་སྲིད་འཛིན་ཞི་ལི་སད་ན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་སིང་གྷ་ལའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག་ལ། ཀྲུང་གོའི་ཕྱོགས་ནས་སིང་གྷ་ལ་དང་མཉམ་དུ་མི་རབས་དུ་མར་འབད་པས་གསོ་སྐྱོང་བྱས་པའི་ཀྲུང་གོ་དང་སིང་གྷ་ལའི་མཛའ་འབྲེལ་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་འདོད་པར་མ་ཟད། ཕྱོགས་གཉིས་ཀྱིས་སང་ལོར་ཀྲུང་གོ་དང་སིང་གྷ་ལའི་འབྲེལ་བ་བཙུགས་ནས་ལོ་འཁོར་60ལོན་པ་དང《འབྲས་སྤྱིན་གྲོས་ཆོད།》ལ་མིང་རྟགས་བཀོད་ནས་ལོ་འཁོར་65ལོན་པའི་གོ་སྐབས་དང་བསྟུན་ནས་སྲོལ་རྒྱུན་མཛའ་འབྲེལ་སྲ་བརྟན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་སིང་གྷ་ལའི་མཛའ་འབྲེལ་སྐས་རིམ་གསར་པ་ཞིག་ལ་འཕེལ་བར་འབད་པ་བྱ་འདོད་ཅེས་བསྟན།
        ཞི་ལི་སད་ན་ཡིས་སིང་གྷ་ལ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་རྒྱུན་རིང་ཞིང་གནས་བབ་གསར་པའི་འོག་འཕེལ་རྒྱས་ཆེན་པོ་ཕྱིན་བཞིན་འདུག སིང་གྷ་ལའི་ཕྱོགས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ལོ་ངོ་མང་པོར་སིང་གྷ་ལར་རོགས་རམ་དང་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་ཡིན། སིང་གྷ་ལའི་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ངེས་པར་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་དམ་པོ་བྱ་འདོད་ལ། དེ་མིན་སིང་གྷ་ལའི་ཕྱོགས་ནས་སིང་གྷ་ལ་དང་ཀྲུང་གོའི་འབྲེལ་ཡོད་བཟོ་ཚོང་གྲོས་ཆོད་དང་མཉམ་འབྲེལ་ལས་གཞི་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་སིང་གྷ་ལར་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་བར་དགའ་བསུ་ཞུ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1