དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོ་དང་འབྲོག་ཁུལ་སློབ་གསོ་ལས་ཀའི་ཡུལ་དངོས་ཚོགས་འདུ་སྡེ་དགེ་རྫོང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-19


        ཉེ་ལམ། དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོ་དང་འབྲོག་ཁུལ་སློབ་གསོ་ལས་ཀའི་ཡུལ་དངོས་ཚོགས་འདུ་སྡེ་དགེ་རྫོང་དུ་འཚོགས། གྲོས་ཚོགས་སྟེང་དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་ངེས་ལ་དམིགས་པ་ཙམ་མ་ཡིན་པར། སྔར་ལས་ལེགས་པའི་སྒོ་ནས་དཀར་མཛེས་ཁུལ་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་དུ་བསྐྱོད་པ་དང་དབུལ་ཕོངས་ཀྱི་རྒྱུན་གཅོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད། རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་སློབ་གསོའི་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་དགེ་རྒན་གྱི་དཔུང་སྡེའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་བྱིས་པ་ཚང་མས་སློབ་གསོ་བཟང་པོ་མྱོང་ཐུབ་པར་བྱས་ནས་སྤྱི་ཚོགས་ལ་ཕན་པའི་མི་སྣ་གསོ་སྐྱོང་བྱ་དགོས་ཞེས་བསྟན། དཀར་མཛེས་ཁུལ་གྱི་རྒྱུན་ལས་ཨུ་ཡོན། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1