ཚན་རྩལ་པུའུ་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག་ཚན་རྩལ་གྱིས་དབུལ་སྐྱོར་བྱེད་པའི་འགུལ་སྐྱོད་ཇུས་གཞི་བཏོན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-19


         དབུལ་སྐྱོར་ཉིན་མོ་སླེབས་པ་དང་བསྟུན་ནས། ཚན་རྩལ་པུའུ་དང་སློབ་གསོ་པུའུ། ཀྲུང་གོའི་ཚན་རིག་སློབ་གླིང་། ཀྲུང་གོའི་བཟོ་ལས་སློབ་གླིང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་སྒྲུབ་ཁང་སོགས་སྡེ་ཁག་བདུན་གྱིས་ཚེས་16ཉིན་མཉམ་འབྲེལ་ཐོག་ཚན་རྩལ་གྱིས་དབུལ་སྐྱོར་བྱེད་པའི་འཆར་འགོད་བཏོན་ནས། ཚན་རྩལ་གྱིས་དབུལ་སྐྱོར་བྱེད་པའི་ཆ་འཕྲིན་མཉམ་སྤྱོད་དང་གྲུབ་འབྲས་བརྗེ་རེས་བྱེད་པའི་སྟེགས་བུ་བསྐྲུན། 
         ཟླ10པའི་ཚེས་17ཉིན་ནི་རྒྱལ་སྤྱིའི་དབུལ་སེལ་བཟོ་བའི་ཉིན་མོ་ཡིན་པ་དང་རང་རྒྱལ་གྱིས་2014ལོ་ནས་བཟུང་ལོ་རེའི་ཟླ10པའི་ཚེས་17ཉིན་ཏེ་དབུལ་སྐྱོར་ཉིན་མོ་རུ་གཏན་འཁེལ་བྱས་པ་རེད། 
        ཇུས་གཞི་ལྟར་ན།  སྡེ་ཁག་བདུན་གྱིས་མཉམ་དུ་ཚན་རྩལ་གྱིས་དབུལ་སྐྱོར་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ཏེ། གནད་སྨིན་དབུལ་སྐྱོར་དང་ཤེས་རིག་གིས་དབུལ་སྐྱོར་བྱེད་པ། ལས་གཏོད་ཀྱིས་དབུལ་སྐྱོར་བྱེད་པ། མཐུན་སྦྱོར་གྱིས་དབུལ་སྐྱོར་བྱེད་པ་བཅས་ལ་དམིགས་ནས། དབུལ་ཕོངས་ས་ཁུལ་དང་བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་མི་སྣའི་དགོས་མཁོ་ལ་ཁ་གཏད་ནས། ལག་རྩལ་མཐོར་འདེགས་དང་གྲུབ་འབྲས་རིམ་བསྒྱུར། སྟེགས་བུ་འཛུགས་སྐྲུན། རྒྱུ་རྐྱེན་སྦྲེལ་མཐུད། གསར་སྐྲུན་དབུལ་སྐྱོར། སློབ་གསོའི་གསོ་སྦྱོང་དང་ཚན་རིག་ཁྱབ་གདལ་སོགས་བྱས་ནས། 2020ལོར་གཞི་རྩིའི་ཐོག་ནས་དབུལ་ཕོངས་ས་ཁུལ་དུ་གསར་སྐྲུན་མཉམ་འགུལ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་རྒྱུ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1