ལི་ཁེ་ཆང་གིས་ཨ་མེ་རི་ཁའི་སྔོན་མའི་ནོར་སྲིད་པུའུ་ཡི་ཀྲང་པའོ་ཨེར་སིན་ལ་མཇལ་འཕྲད་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-24


        སྤྱི་ཟླ་10པའི་ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨ་མེ་རི་ཁའི་སྔོན་མའི་ནོར་སྲིད་པུའུ་ཀྲང་པའོ་ཨེར་སིན་ལ་མཇལ་འཕྲད་གནང་།
        ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་དངུལ་འཇོག་གྲོས་མཐུན་གྲོས་མོལ་ལ་ཚད་མཐོ་བའི་མཐོང་ཆེན་གནང་བཞིན་ཡོད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྟོབས་ཤུགས་ཞན་པ་དང་བཟོ་ཚོང་འཕར་སྣོན་དམའ་བ། སྲུང་སྐྱོབ་རིང་ལུགས་དང་འཛམ་གླིང་ཅན་ལ་ཁ་མི་གཏོད་པའི་བསམ་བློའི་རྒྱབ་ལྗོངས་འོག རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་ཕྱོགས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ལ་བཟོ་ཚོང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་གཏོང་བར་ཡར་སྐུལ་བྱེད་པའི་བརྡ་རྟགས་གསལ་བོ་ཞིག་བཏང་བ་རེད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་ཆེན་པོས་དངོས་དོན་ཡར་སྐུལ་གྱི་གྲོས་མོལ་ཁྲོད་ནས་གྲུབ་འབྲས་ལེགས་པོ་ལེན་པ་དང་སྔ་མོ་ནས་ཆུ་ཚད་མཐོ་བའི་དངུལ་འཇོག་གྲོས་མཐུན་བཀོད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཅེས་བསྟན། 
        པའོ་ཨེར་སིན་གྱིས་ཙུང་ལི་ལི་ཁི་ཆང་ཟླ་སྔོན་མར་ཉིའུ་ཡའོ་ནས་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་སྐབས་སུ་ཨ་མེ་རི་ཁའི་ལས་རིགས་སོ་སོའི་མི་སྣ་དང་བརྗེ་རེས་བྱས་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས།  དེས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད་ཅེས་བསྟན།
 པའོ་ཨེར་སིན་ཐེབས་རྩ་ཚོགས་པས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་དང་བསམ་སྤྱོད་མཉམ་འདུས་རྒྱུན་འཁྱོངས་བྱས་ཏེ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྐུལ་འདེད་དུ་གཏང་བར་སྟོབས་ཤུགས་གསར་པ་འདོན་འདོད་ཅེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1