བྷ་རེ་ཟེའི་ངལ་རྩོལ་བཟོ་པའི་ཏང་གིས་ལོ་སེ་ཧྥུ་ཙུང་ཐུང་གི་འོས་ མིར་མིང་འདོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


བྷ་རེ་ཟེའི་ངལ་རྩོལ་བཟོ་པའི་ཏང་གིས་ཉེ་ལམ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ད་ལྟའི་ཙུང་ཐུང་ལོ་སེ་ཧྥུ་ཏང་གི་འོས་མིར་དངོས་སུ་འོས་སྦྱོར་བྱས་པ་དང་ད་ལོའི་ཟླ་10པའི་འདེམས་བསྐོ་ཆེན་པོའི་ནང་མུ་མཐུད་དུ་སྲིད་འཛིན་བྱ་རྒྱུའི་དབང་ཆ་ཐོབ་རྒྱུ་བརྩོན་ལེན་བྱས། ལོ་སེ་ཧྥུས་ངལ་རྩོལ་བཟོ་པའི་ཏང་སྲིད་གཞུང་གིས་འགོ་བཙུགས་པའི་བསྒྱུར་བཅོས་འཕེལ་རིམ་རྒྱུན་འཛིན་བྱེད་རྒྱུ་མ་ཟད་བྷ་རེ་ཟེ་ལ་གོང་འཕེལ་དུས་ཚོད་གསར་པ་ཞིག་སྐྲུན་རྒྱུ་ཡིན་ཞེས་བཤད། ལོ་སེ་ཧྥུས་གསུང་བཤད་ནང་ད་དུང་སྲིད་འཛིན་རྩ་འཛིན་གསར་པ་བཏོན་ཡོད་པ་དང་དེའི་ནང་རྒྱལ་ཡོངས་བསྒྱུར་བཅོས་འཆར་གཞི་ཞིག་ཚུད་ཡོད། ཁོང་གིས་སྲིད་གཞུང་ནས་མུ་མཐུད་དུ་དེ་སྔའི་དབུལ་སེལ་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་དུས་མཚུངས་སུ་ད་དུང་བྷ་རེ་ཟེ་རུ་དཔོན་ཉམས་རིང་ལུགས་མེད་པ་བཟོ་རྒྱུའི་འཆར་གཞི་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1