སྐབས་བདུན་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་དཔྱད་གླེང་ཚོགས་འདུ་ ཁྲེན་ཏུའུ་རུ་འཚོགས།

ངེད་གསར་འགོད་པ་ཚེ་བརྟན་སྒྲོལ་མ། དཀོན་རྡོར་དང་བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 11-02


མཇུག་སྒྲིལ་མཛད་སྒོའི་ཐོག་རྒྱལ་ཁབ་རིག་གནས་པུའུ་ཡི་གཟུགས་མེད་རིག་གནས་ཤུལ་བཞག་སུ་ཡི་སུ་ཀྲང་མ་ཧྲེང་ཏེ་ཡིས་གསུང་བཤད་གནང་བཞིན་པ།
闭幕会上,国家文化部非遗司司长马盛德讲话。

        སྤྱི་ཟླ་9པའི་ཚེས་12ཉིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་དཔེ་སྐྲུན་ཅུས་བཅས་ཀྱིས་མཉམ་དུ་སྤེལ་བའི་སྐབས་བདུན་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན། རྒྱལ་ཡོངས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་རྒྱུན་ལས་འགན་འཛིན་གཞོན་པ། མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འགན་འཛིན་དང་ཞིབ་འཇུག་པ་ཁྲའོ་ཀུ་ཅིན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འབྲེལ་ཡོད་འགོ་ཁྲིད་དང་དེ་མིན་འཇར་མན་དང་ལྷོ་ཁོ་རེ་ཡ། ཡུག་རེན་སོགས་ནས་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དང་གེ་སར་ཆེད་རམས་པ་དག་ཚོགས་འདུར་ཞུགས་ཤིང། རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་ཆེན་མོ་ནོར་བུ་དབང་ལྡན་གྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།


        ཐེངས་འདིའི་རྒྱལ་སྤྱིའི་གེ་སར་ཚོགས་འདུ་ནི་ད་ལོའི་ཟླ་བརྒྱད་པ་ནས་སྤེལ་འགོ་ཚུགས་པའི་གེ་སར་གྱི་ཕ་ས། སི་ཁྲོན་དཀར་མཛེས་སུ་སྐྱོད་པ་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་ལས་ཆེས་མཇུག་མཐའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། འགོ་ཚུགས་མཛད་སྒོའི་ཐོག་ཁྲའོ་ཀུ་ཅིན་གྱིས་བསྟན་དོན། གླིང་སྒྲུང་ནི་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་ཞིག་ཡིན་ལ་ཞིབ་འཇུག་ལོ་བཅུ་ཕྲག་ལྷག་བརྒྱུད་ཟིན། ད་ལྟའི་བར་དུ་དཔྱད་གཞིའི་ཡིག་རིགས་དང་། རིག་གཞུང་ཞིབ་འཇུག དྲིལ་བསྒྲགས་ངོ་སྤྲོད་སོགས་ལ་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་ཡོད། སླད་ཕྱིན་གྱི་གེ་སར་ལས་ཀ་སྔར་ལས་ལྷག་པའི་སྒོ་ནས་གཞུང་ལུགས་ཅན་དང་། ཨང་གྲངས་ཅན་དུ་གཏང་དགོས་ཤིང་། ང་ཚོས་མཐོང་ཐུབ་པ་ནི་ཨང་གྲངས་ཅན་གྱི་གླིང་སྒྲུང་དེ་ཞིབ་འཇུག་དང་ལྟ་ཀློག་བྱེད་པར་ཆེས་ལེགས་པའི་བྱེད་ཐབས་ཤིག་ཡིན་ལ། དེ་རྒྱུད་འཛིན་བྱེད་པའི་ཐབས་ལམ་ཞིག་ཀྱང་རེད། མི་དེ་བས་མང་པོ་ཞིག་གིས་གླིང་སྒྲུང་ལ་རྒྱུས་ལོན་བྱ་དགོས་ན། ངེས་པར་དུ་འཕྲིན་སྦྱོར་གྱི་ཐབས་ལམ་སྤྱོད་དགོས། དེ་དང་ཐང་ག རི་མོ། རྡོ་བརྐོས་སོགས་ཟུང་འབྲེལ་བྱེད་ན་དེ་ལས་མང་བའི་ན་གཞོན་དག་གི་ཡིད་དབང་འཕྲོག་ནས་དང་ལེན་དང་ཤེས་རྟོགས་བྱ་ངེས།


     ཚོགས་ཆུང་ཁག་གིས་དཔྱད་བསྡུར་ཚོགས་འདུའི་ཐོག་གྲོས་བསྡུར་བྱེད་པའི་ཡུལ་དངོས། 分组研讨会现场   

        སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧོང་ཡུས་མེས་ང་ཚོས་སྐབས་ལྔ་པའི་ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དང་དུས་གཅིག་ཏུ་སྐབས་བདུན་པའི་རྒྱལ་སྤྱིའི་གེ་སར་གླེང་སྟེགས་ཚོགས་པའི་དམིགས་ཡུལ་ནི་ཁྲེན་ཏུའུ་ཡི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ཞེས་པའི་རྒྱལ་སྤྱིའི་སྟེགས་བུ་ཆེན་པོ་འདི་བེད་སྤྱད་དེ། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་རིག་མཛོད་དང་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ལྷན་འཛོམས་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་དུ་ཚུད་པའི་རྣམ་གྲངས་ཏེ་གླིང་སྒྲུང་ལ་འོད་ཟེར་ལམ་ལམ་འཕྲོ་པར་བྱས་ནས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དེ་བས་དོ་སྣང་བྱེད་པར་འབད་བརྩོན་བྱེད་པ་དེ་ཡིན། གེ་སར་རིག་གཞུང་བགྲོ་གླེང་གི་བྱེད་སྒོ་དེ་འདི་ལྟ་བུའི་དུས་ཆེན་དང་ཁོར་ཡུག་ནང་དུ་བཞག་པས། སྔར་ལས་ལྷག་པའི་སྒོ་ནས་གེ་སར་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱ་ཇེ་ཆེ་རུ་གཏང་ཐུབ་པ་དང་། སྔར་བས་མངོན་གསལ་དོད་པོའི་སྒོ་ནས་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་རིག་གཞུང་དང་རིག་གནས་ཀྱི་རིན་ཐང་མཚོན་ཐུབ་ཅེས་བཤད།


དཀར་མཛེས་འགྲེམ་སྟོན་ཁང་ནས་རྒྱལ་ཁབ་རིམ་པའི་གེ་སར་སྒྲུང་མཁན་ཨ་ཉི་ཡིས་སྒྲུང་བཤད་བཞིན་པ།
与会专家学者参观非遗博览园时,在甘孜馆内欣赏国家级格萨尔说唱艺人德格阿尼表演说唱。

        དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་ནན་གྱིས་བསྟན་དོན། གེ་སར་རིག་གནས་ནི་དམངས་ཁྲོད་ནས་བྱུང་ཞིང་དར་ཁྱབ་དང་གསར་གཏོད་བྱུང་བ་རེད། དེ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ཀྱི་གཅེས་ནོར་དང་མིའི་རིགས་ཡོངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དཀར་མཛེས་ཁུལ་ནི་གེ་སར་གྱི་འཁྲུངས་ཡུལ་ཡིན་པའི་ཆ་ནས། དཔའ་བོའི་ལོ་རྒྱུས་སྙན་རྩོམ་བགྲང་བྱ་སྟོང་ལ་བརྒྱུད་ལེན་བྱས་པ་དང་། དགྲ་ལྷའི་ངག་རྒྱུན་ལ་མི་རབས་ནས་མི་རབས་བར་བསྟོད་བསྔགས་བྱས། ཉེ་བའི་ལོ་ཤས་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་རྒྱུ་དེ་གཙོ་གནད་ལས་གཞི་དང་གལ་ཆེའི་འགན་འཁྲི་རུ་བཟུང་ནས། ཧུར་ཐག་སྒོས་གེ་སར་རིག་གནས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་མྱུར་སྐྱོབ་ལེགས་སྒྲིག་གི་ལས་ཀ་སྤེལ།
        ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་སྔོན་རབས་པའི་རིག་གཞུང་གི་བློ་གྲོས་རྒྱུད་འཛིན་བྱེད་པ་དང་། མིག་སྔར་གྱི་གྲུབ་འབྲས་མཚོན་པ། མ་འོངས་པའི་རིག་གཞུང་གི་མདུན་ལམ་ལ་རྒྱང་ལྟ་བྱེད་པ་དེ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1